ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འོས་བསྡུའི་ནང་ཕམ་ཉེས་བྱུང་བར་བརྟེན་ཐའི་ཝན་གྱི་སྲིད་བློན་དགོངས་ཞུ་བྱས་ཡོད་པ།


རྒྱ་ནག་སྐམ་ས་ཆེན་པོར་དགའ་ཞེན་བྱེད་མཁན། ཐའི་ཝན་གྱི་གོང་མིང་ཏང་ཚོགས་པར། ས་གནས་ཀྱི་འོས་བསྡུའི་ནང་ཕམ་ཉེས་ཆེན་པོ་བྱུང་པར་བརྟེན་ ཡུལ་དེའི་སྲིད་བློན་གྱི། རང་གི་གོ་གནས་དང་ བློན་ཆེན་ལྷན་ཚོགས་བཅས་ནས་དགོངས་ཞུ་བྱས་ཡོིད་ཅིང་། ཐའི་ཝན་གྱི་སྲིད་འཛིན་མ་ཡིང་ཅིའུ་སྲིད་གཞུང་གིས། རྒྱ་ནག་སྐམ་ས་ཆེན་པོ་དང་ འབྲེལ་ལམ་བཟང་དུ་གཏོང་རྒྱུའི་ཐབས་ཤེས་གང་ཡོང་བྱས་པ་དེར། ཚོད་དཔག་བྱས་པ་ལས་ལྷག་པའི་ཡུལ་དེའི་མང་ཚོགས་ཀྱིས་དགའ་མོས་བྱེད་ཀྱི་མེད་པའི་མཚོན་རྟགས་གསལ་སྟོན་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་དེ་བཞིན་ཐའི་ཝན་གྱི་ཚོང་འབྲེལ་བྱ་ཡུལ་གཙོ་བོ་ཞིག་ཡིན་རུང། རྒྱ་ནག་གཞུང་གིས་ཐེའི་ཝན་དེ་བཞིན། ཁ་བྲལ་ལོགས་སུ་ཐོན་ཐབས་བྱེད་མཁན་ཞིང་ཆེན་ཞིག་དང་ དགོས་གནས་བྱུང་ཚེ་ དྲག་ཤུགས་བེད་སྤྱོད་བྱས་ཏེ། ཐའི་ཝན་རྒྱ་ནག་དང་ཟླ་སྒྲིལ་བྱ་རྒྱུའི་བསམ་ཚུལ་ད་དུང་འདོར་མེད་པ་རེད།

XS
SM
MD
LG