ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་སྔོན་རྩིས་འཆར་གཞི།


རྒྱལ་སྤྱིིའི་རྒྱ་གྲམ་དམར་པོ་རོགས་ཚོགས་ཀྱིས། དམག་འཁྲུག་དང་དྲག་སྤྱོད་ཀྱི་གནོད་སྐྱོན་དང་གོད་ཆགས་བྱུང་བའི་མི་ས་ཡ་མང་པོར་རྒུད་སྐྱོབ་རོགས་རམ་བྱ་རྒྱུར། ཞལ་འདེབས་ཨ་སྒོར་དུང་ཕྱུར་བཅུ་དྲུག་དང་བྱེ་བ་བརྒྱད་དགོས་པའི་འབོད་བསྐུལ་བྱེད་ཀྱི་ཡོད་པ་དང་། སུད་སིར་རྟེན་གཞི་བྱེད་པའི་རོགས་ཚོགས་འདིས་བརྗོད་དོན་ལྟར་ན། དེང་སྐབས་འཛམ་གླིང་ཁྱོན་ཡོངས་དང་། ལྷག་པར་དུ་དཀྱིལ་ཤར་མངའ་ཁུལ་དང་ གླིང་ཆེན་ཨ་ཕྷི་རི་ཀའི་ནང་། རྒྱལ་ནང་དམག་འཁྲུག་དང་ དྲག་སྤྱོད་ཁྱབ་གདལ་དུ་ཕྱིན་སྟེ། མངའ་ཁུལ་གྱི་བརྟན་ལྷིང་ལ་ཉེན་ཁ་བཟོ་གི་ཡོད་པ་ཙམ་མ་ཡིན་པར། དཔལ་འབྱོར་གྱི་གནས་སྟངས་ཞན་པའི་དབུལ་ཕོངས་ཡུལ་གྲུ་ཁག་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་སྨན་པའི་ལས་འཆར་ཁག་ལའང་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་འདུག་པ་བཅས་ཀྱི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ལི་སཱ་ ཤཱ་ལིན་གྱིས། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་རོགས་ཚོགས་ཀྱི་ལྟེ་གནས་སུད་སི་གྲོང་ཁྱེར་ཇི་ནི་ཝཱ་ནས་སྤེལ་བའི་གནས་ཚུལ་ཞིག་གསན་རོགས་གནང་།།

XS
SM
MD
LG