ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་མི་རི་ཀས་ཨ་ཕྷ་གྷ་ནི་སི་ཐན་ནང་དམག་མི་མང་བ་བཞག་དགོས་ཆགས་རྒྱུ།


ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་ཀྱིས་ལོ་འདིའི་ལོ་མཇུག་ནས་ཨ་ཕྷོ་གྷ་ནི་ས་ཐན་ནང་དུ་ཡོད་པའི་ཨ་རིའི་དམག་མིའི་གྲངས་འབོར་9800 བར་ཉུང་དུ་གཏོང་རྒྱུའི་སྔོན་མའི་འཆར་གཞི་ཞིག་ད་ལོའི་ཕྱི་ཟླ་ལྔ་པའི་ནང་དུ་གསལ་བསྒྲགས་གནང་ཡོད་ནའང་ད་ལྟ་གནས་ཚུལ་ཐོན་གསལ་བྱས་ན་སྲིད་འཛིན་མཆོག་གིས་དེའི་ཐད་ལ་དགོངས་པ་བསྐྱར་བཞེས་གནང་བཞིན་པ་དང་རོལ་ཁྲའ་ གསར་ཁང་གིས་ནང་ཁུལ་གྱི་གནས་ཚུལ་འབྱུང་ཁུངས་གསུམ་ལུང་འདྲེན་བྱས་ཏེ་གནས་ཚུལ་སྤེལ་བའི་ནང་དུ་ཨ་ཕྷ་གྷ་ནི་སི་ཐན་ནང་དུ་ཡོད་པའི་ནུབ་རྒྱ་མཚོ་བྱང་མའི་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་དམག་མིའི་གྲངས་འབོར་ཤུགས་ཆེ་ཉུང་དུ་གཏོང་གི་ཡོད་པས་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་གྱི་ཁ་བསྐོང་གི་ཆེད་དུ་ཨ་རིའི་དམག་མི་སྔོན་འཆར་ལས་བརྒྱ་ཕྲག་ཁ་ཤས་མང་བ་མུ་མཐུད་དེ་ཨ་བྷ་གྷ་ནི་སི་ཐན་ནང་ཆེད་འཛུགས་བྱེད་འཆར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG