ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཉེན་རྟོག་མི་སྣའི་བྱ་སྤྱོད་ལ་ནག་ཉེས་མེད་པའི་གསལ་བསྒྲགས་བྱས་པ།


ཨ་རིའི་མངའ་སྡེ་མི་སོ་རི་ཡི་གྲོང་ཁྱེར་ཕར་གུ་སེན་ནང་ཁ་སྔོན་ཕྱི་ཟླ་ བརྒྱད་པའི་ནང་གོ་མཚོན་མེད་པའི་མི་རིགས་ནག་པོ་གཞོན་སྐྱེས་ ཞིག་ལ་་མེ་མདའ་བརྒྱབས་ཏེ་རྐྱེན་ལམ་དུ་གཏོང་མཁན་ཉེན་རྟོག་མི་སྣ་དཀར་པོ་དེར་བཤེར་དཔང་ཚོགས་ཆུང་གིས་ནག་ཉེས་མེད་པ་འདུག ཐག་གཅོད་བྱས་པ་དེ་ནི་དོན་རྐྱེན་དེ་བྱུང་བའི་རྗེས་འདས་པའི་ཟླ་བ་གསུམ་ཙམ་རིང་ཁུལ་དེར་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བའི་སྒོ་ནས་་དྲག་ཟིང་གི་གནས་ཚུལ་མང་པོ་བྱུང་ཡོད་པའི་ཆ་ནས་གནད་དོན་དེའི་ཐོག་ཨ་རིའི་སྲིད་གཞུང་དང་ མི་མང་གཉིས་ཀས་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་འདུག

མངའ་སྡེ་མི་སོ་རི་སྲིད་གཞུང་གིས་བཤེར་དཔང་ཆེད་འཛུགས་བྱས་པའི་ ཚོགས་ཆུང་དེ་ཡིས་ཞིབ་འཇུག་རབས་དང་རིམ་བྱས་པའི་གྲུབ་འབྲས་དང་་ཐག་གཅོད་ཁག་ཁ་ས་དགོང་མོ་གསལ་བསྒྲགས་བྱས་ཡོད་པ་རེད། དེ་བཞིན་་དྲག་ཟིང་དོན་རྐྱེན་རིགས་འགོག་རྒྱུའི་སླད། ད་ལྟའི་ཆར་ཁུལ་དེར་ཛ་དྲག་གི་ཁྲིམས་གཞི་བཀོད་འདོམས་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་པས་སྤེལ་བའི་གནས་ཚུལ་འདི་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG