ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇིའི་རྒྱལ་སྲས་ཝི་ལིའམ་དུས་སང་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ།


རྒྱ་ནག་གཞུང་གིས་དབྱིན་ཇིའི་རྒྱལ་སྲས་ཝི་ལིའམ་སྟེང་ཞལ་རྣམ་གཉིས་རྒྱ་ནག་ལ་འཚམས་འདྲིར་གདན་ཞུ་གནང་ཡོད་སྟབས། རྒྱལ་སྲས་མཆོག་དུས་སང་སྤྱི་ལོ་༢༠༡༥ལོའི་འགོ་སྟོད་ཙམ་ལ་ཕེབས་རྒྱུའི་འཆར་གཞི་ཡོད་འདུག་ཀྱང་། སྐུ་ཟླ་ཀེཌ་ མི་ཌལ་ཏྲན་ད་ལྟ་སྦྲུམ་མ་ཡིན་པས་ ཧ་ལམ་ཕེབས་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག འདི་ནི་༡༩༨༦ལོ་ནས་བཟུང་ དབྱིན་ཇིའི་རྒྱལ་མོའི་སྐུ་འཁོར་ཞིག་གིས་རྒྱ་ནག་ལ་འཚམས་འདྲི་གནང་བ་ཐོག་མ་དེ་ཆགས་རྒྱུ་ཡིན་ཞིང་། རྒྱལ་སྲས་ཝི་ལའམ་གྱི་ཡབ་ཅཱལ་སེ་མཆོག་ནི་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཡིན་པ་དང་། ཁོང་གིས་རྒྱ་ནག་སྐམ་ས་ལ་འཚམས་འདྲི་གཏན་ནས་གནང་མེད་པ་རེད། བྱས་ཙང་། རྒྱ་ནག་གཞུང་གིས་ད་རེས་རྒྱལ་སྲས་ཝི་ལའམ་གྱི་འཚམས་འདྲི་འདི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཏེ། ད་ལྟ་ནས་མཛད་རིམ་གཏན་འབེབས་བྱ་རྒྱུ་སོགས་ཀྱི་གྲ་སྒྲིག་བྱེད་སྒོ་ཁག་ཡིད་གཟབ་ཀྱི་ངང་ནས་བྱེད་ཀྱི་ཡོད་པ་དང་། ཕྱོགས་མཚུངས། དབྱིན་ཇིའི་གཞུང་གིས་ཀྱང་རྒྱལ་སྲས་མཆོག་གི་འཚམས་འདྲི་འདི། ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

XS
SM
MD
LG