ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་དང་ཨོསེ་ཀྲེ་ལི་ཡ་གཉིས་ཀྱིས་གྲོས་མཐུན་དྲུག་ལ་མིང་རྟགས་བཀོད་འདུག


རྒྱ་གར་དང་ཨོསེ་ཀྲེ་ལི་ཡ་གཉིས་ཀྱིས་བདེ་འཇགས་སྲུང་ཆའི་ཐད་མཉམ་ལས་བྱ་རྒྱུའི་གཙོས་དཔལ་འབྱོར་སོགས་ཀྱི་གྲོས་མཐུན་དྲུག་ལ་མིང་རྟགས་བཀོད་འདུག་ཀྱང་། རྡུལ་ཕྲན་ཕྱིར་འཚོང་བྱ་རྒྱུར་མཐའ་དུས་གྲོས་མཐུན་འཇོག་ཐུབ་མི་འདུག རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷི་མཆོག་གིས་ཨོསེ་ཀྲེ་ལི་ཡའི་གྲོས་ཚོགས་འཐུས་མི་རྒྱས་འཛོམས་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གསུང་བཤད་གནང་ནས་མངའ་ཁུལ་ནང་ཞི་བདེ་བརྟན་ལྷིང་ཡོང་བ་དང་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་རྒྱུ་བཅས་ལ་ཨོསེ་ཀྲེ་ལི་ཡ་དང་རྒྱ་གར་ཕན་ཚུན་བདེ་འཇགས་སྲུང་ཆ་དང་དཔལ་འབྱོར་གྱི་འབྲེལ་བ་གོང་འཕེལ་གཏོང་དགོས་པ་དེ་གནད་འགག་ཆེན་པོ་ཡིན་པའི་ནན་བཤད་གནང་འདུག་པ་དང་། ཨོསེ་ཀྲེ་ལི་ཡའི་སྲིད་བློན་ཀྲོ་ནི་ ཨེ་བྷོཊ་ཡིས་ རྒྱ་གར་ནི་འཕྲིན་གཏོང་ལག་རྩལ་དང་སྨན། ཚན་རིག་ཉམས་ཞིབ་སོགས་རིག་གནས་ལ་ཕྱུག་པའི་སྟོབས་ཆེན་ཞིག་ཡིན་པ་དེ་ང་ཚོས་དུས་ནམ་ཡང་བརྗེད་ཐབས་མེད། དེ་དག་ནི་རྒྱ་གར་གྱི་སྟོབས་ཤུགས་ཡིན་པ་དང་། གལ་སྲིད་ང་ཚོ་ཕན་ཚུན་དབར་འབྲེལ་བ་ལ་ཡར་རྒྱས་སོང་བ་ཡིན།་ཨོསེ་ཀྲེ་ལི་ཡ་ལ་སྟོབས་ཤུགས་ཤིག་ཡོང་གི་རེད། ང་ཚོས་འབྲེལ་བ་མདུན་བསྐྱོད་བྱ་རྒྱུའི་འདོད་པ་ཡོད་པ་དང་། དེ་ལ་བརྟེན་ནས་ཨོསེ་ཀྲེ་ལི་ཡའི་དགོས་མཁོ་རྗེས་མ་དེ་རྒྱ་གར་དང་དཔལ་འབྱོར་གྱི་གྲོས་མཐུན་ཆ་ཚང་བ་ཞིག་འཇོག་རྒྱུ་དེ་ཡིན་ཞེས་གསུངས་འདུག་ཅིང་ ལོ་གཅིག་གི་རྗེས་ཨོསེ་ཀྲེ་ལི་ཡ་དང་རྒྱ་གར་དབར་རང་དབང་ཚོང་འབྲེལ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།

XS
SM
MD
LG