ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱེས་ཀྱི་ས་སྐྱའི་གདན་ས་དབུ་བརྙེས་ན་ལོ་ལྔ་བཅུའི་དུས་དྲན་སྲུང་རྩིས་གནང་བ།


རྒྱ་གར་བྱང་ཕྱོགས་རཇ་པུར་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ས་སྐྱའི་ཆོས་སྒར་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་གནང་འདུག་པ་དང་། དུས་དྲན་མཛད་སྒོ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཏུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཆེད་གཏོང་མཛད་དེ་གསུང་འཕྲིན་ཞིག་བསྩལ་གནང་མཛད་པའི་ནང་བྱེས་ཀྱི་གདན་ས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ཕྱག་འདེབས་མཛད་ནས་ལོ་༥༠འཁོར་བའི་དུས་དྲན་མཛད་སྒོ་གནང་བཞིན་པར་བླ་སློབ་འདུས་སྡེ་སྐུ་མགྲོན་བཅས་པར་འཚམས་འདྲི་བཀྲིས་བདེ་ལེགས་ཡོད་ཅེས་གསུངས་འདུག་པ་དང་། མཛད་སྒོའི་ཐོག་ས་སྐྱ་བདག་ཁྲི་རིན་པོ་ཆེས་ཆོས་སྒར་ཐོག་མར་འགོ་འཛུགས་སྐབས་ཀྱི་གནས་སྟངས་ནས་ད་བར་གྱི་ཡར་རྒྱས་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག དེ་དག་ཐམས་ཅད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་ཉག་གཅིག་ཡིན་ཞེས་གསུངས་པ་དང་། ད་དུང་ཆོས་སྤྱོད་སློབ་གཉེར་སྔར་སྲོལ་བཞིན་རྒྱུན་མི་ཆད་པ་བྱེད་དགོས་པའི་ལམ་སྟོན་གནང་འདུག མཛད་སྒོའི་ཐོག་སྐུ་མགྲོན་ཁོངས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས། དེ་བཞིན་ས་སྐྱའི་དཔོན་སློབ་སོགས་ཕེབས་ཡོད་པ་མ་ཟད། ཉེ་འཁོར་མི་མང་སུམ་སྟོངལྷག་མཉམ་ཞུགས་བྱས་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG