ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱིས་སླར་ཡང་ཨ་རིའི་མི་སེར་ཞིག་སྐེ་བཅད།


ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱིས་དེ་སྔ་སི་རི་ཡའི་སྐྱབས་བཅོལ་བར་རོགས་རམ་གྱི་ལས་དོན་གཉེར་མཁན་ཨ་རི་ཀའི་མི་སེར་ཨབ་དུལ་རཱམན་ཁསེག་སྐེ་བཅད་དེ་བསད་པ་ཡིན་ལུགས་ཀྱི་བརྙན་པར་ཞིག་དེ་རིང་རེས་གཟའ་ཉི་མའི་ཉིན་དྲ་ལམ་གྱི་ཐོག་གསལ་བསྒྲགས་བྱས་ཡོད་པ་རེད། ཨབ་དུལ་རཱམན་ཁསེག་སྐེ་བཅད་ནས་བསད་པའི་གནས་ཚུལ་ཐོན་ཡང་ཁོང་གི་ནང་མིའི་ངོ་ཚབ་ཞིག་གིས་གནས་ཚུལ་དེ་བདེན་པ་ཡིན་པ་ད་ལྟའི་ཆར་གཏན་འཁེལ་བྱས་མེད་པ་མ་ཟད། ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལས་དོན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཀྱང་དྲག་སྤྱོད་པས་ཨ་རིའི་མི་སེར་བསད་པའི་གནས་ཚུལ་དེ་ཐོན་མ་ཐག་གནས་ཚུལ་དེ་དངོས་འབྲེལ་ཡིན་མིན་ཐག་གཅོད་བྱེད་པའི་ཞིབ་འཇུག་གི་ལས་དོན་ང་ཚོས་འཕྲལ་དུ་གཉེར་བཞིན་ཅེས་གསུངས་ཡོད་འདུག སྐུ་ཞབས་ཁསེག་ནི་ལོ་གཅིག་ལྷག་ཙམ་གྱི་གོང་སི་ཡའི་ནང་སྐྱབས་བཅོལ་བར་རོགས་རམ་གྱི་ལས་དོན་བྱས་ནས་བསྡོད་པའི་སྐབས་དྲག་སྤྱོད་པས་བཙན་ཁྲིད་བྱས་པ་ཞིག་ཡིན་པ་དང་། ཁོང་གི་ནང་མིས་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་སྐབས་ཨབ་དུལ་རམན་ཁསེག་གི་མིང་ངོ་མ་ནི་ཕིཁྲལ་ཁསེག་་ཡིན་ན་ཡང་ཁོང་དྲག་སྤྱོད་པའི་བཙན་ཁྲིད་འོག་སྡོད་པའི་སྐབས་མིང་འགྱུར་བྱས་ནས་ད་ཆ་ཨབ་དུལ་རཱམན་ཁསེག་ཅེས་འབོད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག

XS
SM
MD
LG