ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

༧གོང་ས་མཆོག་གིས་དབུ་མ་རིང་ཆེན་ཕྲེང་བའི་གསུང་ཆོས་གནང་བཞིན་པ།


ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་་དེ་རིང་ཕྱི་ཚེ་༡༡་ནས་༡༣་བར་ཉི་མ་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུགས་ལག་ཁང་དུ་༢གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་མགོན་པོ་གླུ་སྒྲུབ་ཀྱི་མཛད་པའི་དབུ་མ་་རིང་ཆེན་ཕྲེང་བའི་བཀའ་ཁྲིད་གནང་དབུ་བཙུགས་གནང་ཡོད་འདུག གསུང་ཆོས་ཞུ་བར་ཡོང་མཁན་གྲས་སུ་རྒྱ་ནག་ཐེ་བའི་རྒྱལ་ཁབ་༥༧་ནས་ ཆོས་ཞུ་བ་མི་གྲངས་༤༥༠༠་ཙམ་ཞིག་སླེབས་ཡོད་པ་དང་། ཆོས་ཞུ་བ་ཚོའི་དགོས་མཁོར་བཏུན་ཏེ་སྐད་ཡིག་འདྲ་མིན་ཐོག་གསུང་བསྒྱུར་ཞུ་བཞིན་ཡོད་པའི་སྐོར་། འདི་གའི་གསར་འགྱུར་མཁོ་གཏོང་བ་་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG