ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་དང་བོད་པ།


Feb 21, 2014
Feb 21, 2014

ཨ་མི་རི་ཀའི་ཕྱི་སྲིད་དང་སྤྱི་དམངས་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་གི་དྲུང་ཆེ་འོག་མ་སེ་རཱ་སི་ཝལ་ཕྱི་ཟླ་༡༡་ཚེས་༩་ཚེས་༡༦་བར་དུ་རྒྱ་གར་དང་བལ་ཡུལ་གཉིས་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་དང་སྤོག་ར་ས་ཁུལ་དུ་གཞིས་ཆགས་ཡོད་པའི་བོད་པ་སྐྱབས་བཅོལ་བའི་གནས་སྟངས་ལ་གཟིགས་ཞིབ་གནང་གི་ཡོད་ཅིང་། ཕྱི་ཟླ་༡༡་ཚེས་༡༠་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་པ་ལྟར་ན། དྲུང་ཆེ་འོག་མ་སེ་རཱ་སི་ཝལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་བོད་དོན་དམིགས་བསལ་སྐུ་ཚབ་ཡིན་པས། ཁོང་རྒྱ་གར་དྷ་རམ་ས་ལར་ཕེབས་ནས་བོད་པ་སྐྱབས་བཅོལ་བའི་གནས་སྟངས་ལ་གྲོས་བསྡུར་བྱ་རྒྱུ་དང་། ཨ་རིའི་གཞུང་གིས་བོད་པ་སྐྱབས་བཅོལ་བའི་འཕྲོད་བསྟེན་ཆེད་དུ་ཨ་སྒོར་ས་ཡ་༣་དང་འབུམ་༢་གཉིས་ཀྱི་རོགས་རམ་གསར་པ་ཞིག་ཁྱབ་བསྒྲགས་བྱ་འཆར་ཡོད། བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཕྲུ་གུ་ལ་ཟས་བཅུད་མི་འདང་བ་དང་གློ་གཅོང་སྔོན་འགོག རྒྱ་གར་དང་བལ་ཡུལ་གྱི་བོད་པ་སྐྱབས་བཅོལ་བའི་ཚོགས་སྡེ་ཁག་ཏུ་སྤྱི་ཡོངས་ཀྱི་སྨན་བཅོས་དང་འཕྲོད་བསྟེན་བལྟ་སྐྱོང་གི་ལམ་སྲོལ་ཞིག་བཙུགས་ཡོད་པ་སྲ་བརྟན་གཏོང་རྒྱུ་དང་། བོད་པ་སྐྱབས་བཅོལ་བའི་ཚོགས་སྡེ་ཁག་ཏུ་འགོག་ཐབས་ཡོད་པའི་ཕྲུ་གུ་མ་འབྱར་ལ་འཆི་སྐྱོན་འབྱུང་གི་ཡོད་པའི་ནད་རིགས་ཁག་སྔོན་འགོག་བྱེད་པའི་ལས་འཆར་ཞིག་ལ་རྒྱབ་སྐྱོར་བྱ་འཆར་ཡོད་ཅེས་འཁོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG