ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་བྷ་མ་དང་ཨེ་ཞི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས།


ཉེ་ཆར་ཨ་མི་རི་ཀའི་བར་དུས་ཀྱི་གྲོས་ཚོགས་འཐུས་མིའི་འོས་འདེམས་སྐབས་སུ་དམངས་གཙོ་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་སྟེ། སྲིད་འཛིན་ཨོ་བྷ་མའི་གཞུང་འཛིན་ལྷན་ཁང་དང་དམངས་གཙོ་ཚོགས་པའི་ཤུགས་རྐྱེན་ཉམས་རུང་། གཟའ་འཁོར་འདིར་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་འཚོགས་ཀྱི་ཡོད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུར་ཕེབས་ཏེ། ཁོང་ལ་ལོ་གཉིས་ཀྱི་སྲིད་འཛིན་ལས་དུས་ལྷག་ཡོད་པ་དེའི་རིང་ལ་ཨ་མི་རི་ཀར་རྒྱལ་སྤྱིའི་ཐོག་ཏུ་ནུས་ཤུགས་ཡོད་པ་སྟོན་ཐབས་བྱེད་ཀྱི་ཡོད་ཅིང་། སྔོན་ཆད་སྲིད་འཛིན་ཨོ་བྷ་མར་འཛམ་གླིང་ཡོངས་སུ་གྲགས་ཆེན་མི་སྣ་ལྟ་བུའི་མཐོང་འཇོག་བྱེད་སྲོལ་ཡོད་ཀྱང་། ད་ལྟ་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་དུས་ཚོད་འདི་སྲིད་འཛིན་ཨོ་བྷ་མའི་དབང་ཐང་ཉམས་པའི་དུས་སྐབས་ཤིག་ཡིན་པ་དང་། བདུན་ཕྲག་སྔོན་མར་གསར་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཨོ་བྷ་མའི་སྲིད་ཇུས་དེ་དག་ལག་ལེན་བསྟར་དུ་འཇུག་རྒྱུ་ཡིན་མིན་དོགས་པ་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG