ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཞཱི་ཅིང་ཕིང་དང་ཨ་སྦེ་གཉིས་མཇལ་འཛོམས་ཡོང་རེར་ཨ་རིས་དགའ་བསུ་ཞུས་པ།


རྒྱ་ནག་དང་། ཉི་ཧོང་གཞུང་གཉིས་ཀྱིས་བདུན་ཕྲག་འདིའི༌ནང་རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་སྦེ་རྣམ་གཉིས་ཐད་ཀར་མཇལ་འཛོམས་ཡོང་རྒྱུར་འབྲེལ༌ཡོད་ལས་བྱེད་རྣམས་གྲོས་མོལ་གནང་གི་ཡོད་པ་རེད། ཕྱི་ཟླ་ ༡༡ པའི་ཚེས་ ༧ ཉིན་བརྡ་ཐོ་ཞིག་བཀྲམས་པ་དེའི་ནང་ཕྱོགས་གཉིས་ནས་ཡིད་ཆེས་བསྐྲུན་རྒྱུའི་ཆ་རྐྱེན་ཁག་གསལ་སྟོན་བྱས་ཡོད་པ་རེད། ཉི་ཧོང་གི་སྲིད་བློན་ཨ་སྦེ་མཆོག་སྲིད་བློན་ལ་འཁོད་པ་ནས་བཟུང་ད་བར་རྒྱ་ནག་གི་སྲིད་འཛིན་ཞི་མཉམ་དུ་མཇལ་འཕྲད་གནང་མྱོང་མེད་པ་རེད། ཨ་རི་དང་། ཨོས་ཀྲོ་ལི་ཡ་གཉིས་ཀྱིས་ཡུལ་གཉིས་ཀྱི་འགོ་འཁྲིད་མཇལ་འཛོམས་བྱུང་ན་ཁུལ་དེའི་ཉེན་ཁའི་གནས་སྟངས་ཇི་ཆུང་དུ་ཕྱིན་ནས་ཞི་བདེའི་གནས་བབ་སྐྲུན་ཐུབ་རྒྱུའི་རེ་བ་ཡོད་པར་བརྟེན་མཇལ་འཛོམས་ཡོང་རེ་དེར་དགའ་བསུ་ཞུས་གནང་འདུག༌པའི་གནས་ཚུལ་ཕྱོགས་བསྡུས། ཤིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། །སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG