ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

ཀྲུག་ཡུང་ཁང་ལ་འབྲེལ་ཡོད་མི་སྣ་ཚོར་ཁྲིམས་བཤེར་བྱ་འཆར།


རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཟུར་པ་ཀྲུག་ཡུང་ཁང་ལ་འབྲེལ་བ་ཡོད་པའི་གཞུང་འབྲེལ་མི་སྣ་ཟུར་པ་ཁག་ཅིག་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱ་འཆར་ཡོད་ཅིང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་འབྲེལ་བ་ཡོད་པའི་གནས་ཚུལ་འབྱུང་ཁུངས་ཤིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཟླ་བ་རྗེས་མ་ཙམ་ལ་རྒྱ་ནག་གཞུང་གིས་ཀྲུག་ཡུང་ཁང་ལ་འབྲེལ་བ་ཡོད་པའི་གཞུང་འབྲེལ་མི་སྣ་ཁག་ལ་རེ་རེ་བཞིན་ཁྲིམས་བཤེར་བྱས་ཏེ། མཐར་ཀྲུག་ཡུང་ཁང་ལ་དངོས་སུ་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱ་རྒྱུའི་སྟ་གོན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རང་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ཞིག་ལ་ཁྲིམས་བཤེར་མ་བྱས་གོང་དུ་མི་དེ་དམར་ཤོར་ཚོགས་པའི་ཁོངས་ནས་ཕྱིར་ཕུད་གཏོང་དགོས་པ་དང་། ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༡༠་ནང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་ཚོགས་འདུ་གལ་ཆེན་ཞིག་འཚོགས་འཆར་ཡོད་པས། སྐབས་དེར་ཀྲུག་ཡུང་ཁང་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་གཏོང་སྲིད་པ་དང་། དེ་ནས་ཁོང་ལ་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་ཉེས་འཛུགས་གྱོད་གཞི་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ནས་ཡོངས་གྲགས་སུ་པའོ་ཤཱི་ལེ་ལར་ཁྲིམས་བཤེར་བྱས་ལྟར་ཁྲིམས་ཐག་གཅོད་སྲིད་པའི་གནས་ཚུལ་ཐོན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG