ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོན་ཀོང་གི་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་འཇུ་བཟུང་།


ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེོལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་རྒྱ་ནག་ལ་འཚོགས་འཆར་ཡོད་ཅིང་། ད་ལོའི་ཚོགས་ཆེན་ལ་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཙོས་འཛམ་གླིང་ཤར་ནུབ་ཀྱི་འགོ་ཁྲིད་ཁག་མཉམ་ཞུགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ནས་ཧོན་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་མཁན་མི་༧༣་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་ཡོད་པ་དང་། དེར་བརྟེན་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་གཞུང་ལ་ལས་འགུལ་བ་དེ་དག་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་གཏོང་དགོས་པའི་ནན་བརྗོད་བྱ་དགོས་ཞེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསལ་བསྒྲགས་སྤེལ་འདུག ཧོང་ཀོང་གི་སློབ་ཕྲུག་ཚོས་འགོ་ཁྲིད་པའི་དམངས་གཙོའི་ལས་འགུལ་སྤེལ་ནས་ཉི་མ་༤༠་ལྷག་འགྲོ་བཞིན་ཡོད་པ་དེའི་རིང་ལ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཁྱོན་བསྡོམས་མི་༩༣་འཛིན་བཟུང་བཀག་ཉར་བྱེད་ཡོད་ཅིང་། ད་དུང་ཡང་མི་༧༣་གློད་གྲོལ་མ་བཏང་བར་མུ་མཐུད་དུ་བཀག་ཉར་བྱེད་ཡོད་པས། འཛམ་གླིང་ཡུལ་གྲུ་ཁག་གི་འགོ་ཁྲིད་ཚོས་གནད་དོན་འདིའི་ཐད་ལ་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་མི་འཛིན་པ་དང་། ཁོང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། གཏམ་བརྗོད་རང་དབང་མེད་པའི་གནས་སྟངས་ལ་སྐྱོན་བརྗོད་བྱ་དགོས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གི་ཆེད་དུ་འགན་ཁུར་བླངས་ནས་གླེང་སློང་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG