ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

སོག་ཡུལ་གྱི་གྲོས་ཚོགས་ཀྱིས་སྲིད་བློན་ལ་ཡིད་ཆེས་མེད་པའི་འོས་འཕངས་ཏེ་ཕྱིར་འབུད་བཏང་འདུག


སོག་ཡུལ་གྱི་གྲོས་ཚོགས་ཀྱིས་ཡུལ་གྱི་་སྲིད་བློན་ནོ་རོབ་ ཨལ་ཏན་ཁུ་ཡག་ལ་དཔལ་འབྱོར་གྱི་ལས་དོན་ནང་འཐུས་ཤོར་ཇེ་ཆེ་བཏང་བ་དང་དེ་བཞིན་སྐོག་ཟ་རུལ་སུང་དང་གཉེན་བཤེས་ལ་དགའ་ཞེན་བྱེད་ཐལ་དྲགས་ཏེ་ངོ་སྲུང་གི་ངན་སྤྱོད་སྤེལ་བ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པར་སོང་ ད་ཆ་རང་བྱུང་ཐོན་སྐྱེད་ཕྱུག་པའི་སོག་ཡུལ་ནང་གཞུང་བསྲ་བརྟན་ཞིག་མེད་པར་ཉུང་མཐར་ཟླ་བ་གཅིག་འགོར་རྒྱུ་ཡིན་འདུག

XS
SM
MD
LG