ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཨ་རིས་ཁ་ཆེ་དྲག་སྤྱོད་པར་གཏོར་རྒོལ།


སི་རི་ཡའི་ནུབ་བྱང་ས་ཁུལ་དུ་ནུ་སི་ར་མདུན་སྐྱོད་པ་ཚོགས་པ་ཟེར་པའི་དྲག་སྤྱོད་ཤིག་ཁག་ཅིག་ཡོད་པ་དང་། དྲག་སྤྱོད་ཤོག་ཁག་དེས་ཨལ་ཁེ་དྷ་སྒྲིག་འཛུགས་ལ་འབྲེལ་བ་བཙུགས་ཏེ། ཁོ་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཡོད་པའི་སི་རི་ཡའི་གྱེན་ལོག་ཤོག་ཁག་ལ་འཐབ་རྒོལ་བྱས་ནས་ཕམ་ཉེས་བྱུང་ཡདོ་ཅིང་། སི་རི་ཡའི་གྱེན་ལོག་ཤོག་ཁག་དེའི་འཐབ་མོ་བ་རྣམས་ནུབ་བྱང་ས་ཁུལ་ཁག་ནས་མཐར་སྐྲོར་བཏང་ཡོད་པས། མདང་དགོང་ཨ་མི་རི་ཀའི་འགོ་ཁྲིད་པའི་མཉམ་འབྲེལ་གནམ་དམག་གིས་ནུ་སི་ར་མདུན་སྐྱོད་ཚོགས་པའི་ལས་ཁུངས་ཤིག་དང་རླངས་འཁོར་བཅས་ལ་གཏོར་རྒོལ་བྱས་པ་དང་། མདང་དགོང་གི་གཏོར་རྒོལ་ཁོངས་སུ་ཨཧ་རམ་ཨལ་ཤམ་ཟེར་པའི་ཁ་ཆེ་དྲག་སྤྱོད་པའི་ཤོག་ཁག་གཞན་ཞིག་ཀྱང་ཚུད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG