ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ཐད་ཞིབ་འཇུག་གི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ།


གནམ་གཤིས་འགྱུར་ལྡོག་ཡོང་བཞིན་པ་དེ་དངོས་ཡོད་གནས་སྟངས་ཡིན་པ་དང་ འདིའི་བྱུང་རྐྱེན་གཙོ་བོ་དེ་མིའི་བྱ་སྤྱོད་ལ་བརྟེན་ནས་ཡོང་གི་ཡོད་སྟབས་ གནམ་གཤིས་འགྱུར་ལྡོག་གི་བྱུང་རྐྱེན་ངན་པ་དེ་མེད་པ་འམ་ ཉུང་དུ་གཏོང་ཐབས་ཀྱི་ཐབས་ལམ་ཉག་ཅིག་དེ་དུས་རབས་འདི་མ་རྫོགས་གོང་། མཁའ་དབྱིངས་ལ་རྡུལ་རྫས་ནག་པོ་གློད་གཏོང་བྱ་རྒྱུ་དེ་མཚམས་འཇོག་བྱེད་དགོས་པ་དེ་རེད་ཅེས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆུང་གིས་ཕྱོགས་བསྡོམས་བརྒྱབས་ཡོད་པའི་གནས་ཚུལ་ཐོན་འདུག དེ་དང་དུས་མཚུངས། ད་ཕན་ འགྲོ་བ་མིས་མཁའ་དབྱིངས་ལ་དུག་རྫས་ནག་པོ་གློད་གཏོང་བྱས་པའི་རྐྱེན་པས་ གོ་ལའི་གནམ་གཤིས་ལ་འཁྲུགས་རྐྱེན་བསྐྱར་ལྡོག་མི་ཐུབ་པ་ཞིག་བྱུང་ཉེན་ཡོད་པ་དང་། གལ་ཏེ། འཛམ་གླིང་གི་རྒྱལ་ཁབ་ཚོས་ ཁོར་ཡུག་འབགས་བཙོག་བཟོ་བྱེད་ཁག་ཉུང་འཕྲི་ཤུགས་ཆེ་མ་བྱས་པ་ཡིན་ན། ཤུགས་རྐྱེན་དེ་བས་ཇེ་སྡུག་ཇེ་ཞན་དུ་འགྲོ་ཉེན་ཡོད་པའི་མཐའ་བསྡོམས་ཡང་བརྒྱབས་ཡོད་པ་རེད།

XS
SM
MD
LG