ངོ་འཕྲད་བདེ་བའི་དྲ་འབྲེལ།

གལ་ཏེ་སྤྱི་མཐུན་ཚོགས་པར་གྲོས་ཚོགས་གོང་མའི་ནང་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་ཚེ།


སྤྱི་ཟླ་བཅུ་གཅིག་པའི་ཚེས་བཞིའི་ཉིན། ཨ་མི་རི་ཀའི་ནང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་འོས་འདེམས་བྱ་རྒྱུ་ཡིན་ཞིང་། འོས་བསྡུ་འདིའི་སྐབས་སུ་གྲོས་ཚོགས་འོག་མའི་འཐུས་མི་ཡོངས་རྫོགས་དང་། གོང་མའི་འཐུས་མི་མང་པོ་ཞིག་འོས་འདེམས་བྱེད་དགོས་ཀྱི་ཡོད་པ་སོགས་ཀྱིས་འོས་བསྡུ་འདི་ནི་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་འོས་བསྡུའི་ནང་། ཕྱོགས་འགལ་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་འཐོབ་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པས། གལ་ཏེ་ད་ལྟ་དམངས་གཙོ་ཚོགས་པས་འཐུས་མི་གྲངས་མང་གི་གནས་བབས་འཛིན་པའི་གྲོས་ཚོགས་གོང་མའི་ནང་དུའང་། སྤྱི་མཐུན་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་པ་ཡིན་ན། དམངས་གཙོ་ཚོགས་ཁོངས་ཡིན་པ་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་མཆོག་ལ། འབྱུང་འགྱུར་ལོ་གཉིས་ཀྱི་ལས་དུས་ཀྱི་རིང་། གནད་དོན་མང་པོའི་ཐད་གྲོས་ཚོགས་དང་མི་མཐུན་པའི་དཀའ་ངལ་འབྱུང་སྲིད་པ་ཡིན་ནའང་། ཚོང་དོན་ཐད་གྲུབ་འབྲས་སོན་རྒྱུའི་གོ་སྔར་བས་བཟང་དུ་འགྲོ་སྲིད་པར་ཉམས་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG