ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༢༤

ཀྲོ་རན་ཀྲོ་གྲོང་ཁྱེར་གྱིས་རྒྱ་ནག་གི་གུང་ཙེ་སློབ་གྲྭ་མཚམ་འཇོག་བྱེད་རྒྱུཁེད་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོའི་གཞུང་གཉེར་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་ད་བར་རྒྱ་ནག་གཞུང་དང་མཉམ་ལས་ཀྱི་ཐོག་ནས་གྲོང་ཁྱེར་འདིའི་སློབ་གྲ་ཁག་གི་ནང་རྒྱ་ཡིག་དང་རྒྱ་ནག་གི་རིག་གཞུང་སློབ་ཁྲིད་བྱེད་པའི་ལས་འཆར་ཞིག་གཉེར་ཡོད་པ་དེ་མཚམ་འཇོག་བྱེད་རྒྱུའི་ཐག་གཅོད་བྱས་འདུག

གུང་ཙིའི་སློབ་གྲ་ཟེར་བ་འདི་ནི་ འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་གྲོན་དངུལ་འབོར་ཆེན་བཏང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་གྲྭའི་ནང་རྒྱ་ནག་གི་རིགས་གཞུ་དར་སྤེལ་བཏོང་ཆེད་ཀྱི་ལས་འཆར་གཞི་ཡིན་པ་དང་ ལས་འཆར་འདི་འགོ་བཙུགས་པའི་རྗེས་ཨ་རི་དང་ཁེད་ན་ཌ་སོགས་ཀྱི་སློབ་གྲ་བརྒྱ་ཕྲག་མང་པོའི་ནང་ཁུང་ཙེ་སློབ་གྲ་ཟེར་བ་འདི་ཚུགས་ཡོད་པ་རེད་ འོན་ཀྱང་འདས་པའི་ལོ་གཉིས་ཙམ་རིང་ལས་འཆར་འདིར་སྐྱོན་བརྗོད་བྱེད་མཁན་ཇི་མང་དུ་ཕྱིན་ནས་ཨ་རིའི་ནང་གི་གལ་ཆེའི་སློབ་གྲ་ཆེན་པོ་ཁག་གཅིག་གིས་ལས་འཆར་འདི་འཚམས་འཇོག་བྱས་ཡོད་པ་མ་ཟད་ ད་རེས་ཁེད་ན་ཌའི་ནང་གི་གཞུང་གཉེར་སློབ་གྲྭ་མང་ཤོས་ཡོད་པའི་གྲོང་ཁྱེར་ཀྲོ་རན་ཀྲོའི་སློབ་གྲྭ་འཛིན་སྐྱོངས་ལྷན་ཁང་གིས་ཀྱང་ལས་འཆར་འདི་མཚམ་འཇོག་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

ཁེད་ན་ཌའི་བོད་ཀྱི་གྲོགས་པོ་ཚོགས་པ་ནི་ ད་རེས་རྒྱ་ནག་གཞུང་གི་ལས་འཆར་འདི་མཚམ་འཇོག་བྱེད་དགོས་པའི་འབོད་སྐུལ་བྱེད་མཁན་གཙོ་བོ་འདི་ཡིས་པས་ ཚོགས་པ་འདིའི་འགན་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་ཁོང་ཚོའི་ལས་འགུལ་དེས་ནུས་པ་ངེས་ཅན་ཞིག་འཐོན་ཐུབ་ཡོད་པའི་ངོས་འཛིན་གནང་འདུག

XS
SM
MD
LG