ངོ་འཕྲད་བདེ་བའི་དྲ་འབྲེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐ་ཞན་ཡོད་ཅིང་། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཚོ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུག་དགོས་པའི་གྲོས་གཞི་བཏོན་ཡོད་པས། གཟའ་འཁོར་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་དང་བྱང་ཀོ་རི་ཡའི་ཕྱི་འབྲེལ་མི་སྣ་དྷ་རུ་སི་མན་གཉིས་ཐུག་འཕྲད་བྱས་ཏེ། བྱང་ཀོ་རི་ཡའི་གཞུང་གིས་རང་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་ཚོར་ཞིབ་འཇུག་བྱེད་དུ་འཇུག་སྲིད་པའི་རྣམ་འགྱུར་ཞིག་བསྟན་པ་དང་། ད་ལོའི་མགོ་སྟོད་དེར་མཉམ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་ཚོས་སྙན་ཐོ་བཏོན་པ་ལྟར་ན། བྱང་ཀོ་རི་ཡའི་གཞུང་གིས་སྲིད་དོན་བཙོན་པ་འབུམ་༡་དང་ཁྲི་ཚོ་༢་ལྷག་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོར་ངལ་རྩོལ་སྒྱུར་བཀོད་བཙོན་ར་ཁག་ཏུ་མནར་གཅོད་དང་རྡུང་རྡེག་གཏོང་བ། སྲིད་དོན་བཙོན་པ་དེ་རྣམས་རྩ་མེད་གཏོང་བ་དང་བྲན་གཡོག་ལྟར་ངལ་རྩོལ་བཀོལ་པ། ཁོང་ཚོ་དམར་གསོད་དང་བཙན་གཡེམ་བྱེད་པ། བཙོན་པ་བུད་མེད་ཚོའི་མངལ་ལ་ཆགས་པའི་ཕྲུ་གུ་བཙན་ཤེད་ཀྱིས་ལེན་པ་སོགས་གདུག་རྩུབ་སྣ་ཚོགས་ཤིག་སྐུལ་གྱི་ཡོད་འདུག

XS
SM
MD
LG