ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕོ་བྲང་དཀར་པོའི་གློག་ལམ་དྲ་འབྲེལ་ལ་གནོད་སྐྱོན་གཏོང་ཐབས་བྱས་ཡོད་པ།


ILE - The White House is seen from outside the north lawn fence in Washington, D.C.
ILE - The White House is seen from outside the north lawn fence in Washington, D.C.

ཕོ་བྲང་དཀར་པོའི་ལས་བྱེད་པ་རྣམས་ཀྱིས་བེད་སྤྱོད་བྱེད་པའི་རིག་ མཛོད་འཕྲུལ་འཁོར་གྱི་གློག་ལམ་དྲ་འབྲེལ་ལ་གནོད་སྐྱོན་གཏོང་ཐབས་བྱས་ ཡོད་པའི་དོགས་པ་བྱུང་སྟེ། དཀའ་རྙོག་དེ་སེལ་ཐབས་ཀྱི་ཐབས་བྱུས་ ལམ་འཕྲལ་བསྟེན་ཡོད་ལུགས་ཕོ་བྲང་དཀར་པོའི་གནད་ཡོད་ལས་སྣེ་ཞིག་གིས་ རེས་གཟའ་མིག་དམར་གྱི་ཉིན་ཕྱིར་བསྒྲགས་གནང་ཡོད་འདུག དེ་ཡང་མིང་བརྗོད་འདོད་མེད་པའི་གཞུང་གི་ལས་སྣེ་དེས། སྲིད་འཛིན་གྱི་ འཛིན་སྐྱོང་ལས་ཁུངས་ཀྱི་ལས་སྣེ་རྣམས་ཀྱིས་བེད་སྤྱོད་བྱེད་པའི་གློག་ལམ་ དྲ་འབྲེལ་ལ་གནོད་སྐྱོན་གཏོང་ཐབས་བྱེད་མཁན་སུ་ཡིན་གསལ་བརྗོད་བྱེད་ ཀྱི་མེད་ཀྱང་། ཝ་ཤིང་ཀྲོན་པོསཊེ་གསར་ཤོག་གིས། གནས་ཚུལ་འབྱུང་ཁུངས་ ཁག་ལུང་འདྲེན་བྱས་ཏེ་བརྗོད་དོན་ལྟར་ན། ཕོ་བྲང་དཀར་པོའི་གློག་ལམ་དྲ་ འབྲེལ་ལ་གནོད་སྐྱོན་གཏོང་ཐབས་བྱེད་མཁན་དེ་དག ར་ཤི་ཡའི་གཞུང་གི་ ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་གསང་བའི་གནས་ ཚུལ་གང་ཡང་ཤོར་མེད་ལུགས་ཕོ་བྲང་དཀར་པོའི་ལས་སྣེ་རྣམས་ཀྱིས་ནན་ བརྗོད་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG