ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཨ་རིའི་པི་རིན་སི་ཏྲོན་གཙུག་ལག་སློབ་གཉེར་ཁང་ལ་གསུང་བཤད་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས ཨ་མི་རི་ཀའི་མངའ་སྡེ་ནིའུ་ཇར་སིའི་ནང་ཡོད་པའི་སྙན་གྲགས་ཆེ་བའི་Princetonཔི་རིན་སི་ཏྲན་གཙུག་ལག་སློབ་གྲྭ་ཆེ་མོའི་ནང་། དགེ་སློབ་ལྔ་སྟོང་མིན་ཙམ་ཞིག་ལ། ནང་སེམས་ལ་འགྱུར་བཅོས་བྱས་ཏེ་ བྱམས་པ་དང་སྙིང་རྗེ་ལ་སོགས་པའི་མིའི་བཟང་པོའི་ཡོན་ཏན་དེ་རྣམས་རང་རྒྱུད་ལ་སྐྱེ་ཐབས་བྱ་རྒྱུ་གལ་ཆེ་ཡིན་པའི་ཐད། གསུང་བཤད་བཀྲིན་ཆེ་གནང་མཛད་ཡོད་ཅིང་། གསུང་བཤད་དངོས་གཞི་གྲུབ་པའི་རྗེས་སུ་སློབ་གཉེར་བ་རྣམས་ཀྱིས་སྔོན་ཚུད་ནས་ཡིག་ཐོག་ཏུ་ཕུལ་བའི་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་བསྩལ་ཡོད་པ་དང་བཀའ་འདྲི་དེ་དག་གི་ཁོངས་སུ་ཆོས་ཉམས་ལེན་བྱེད་སྟངས་དང་། རྒྱུན་དུ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་དང་། བོད་དང་རྒྱ་ནག་གི་སྐོར་སོགས་བཀའ་འདྲི་ཞུས་པར་བཀའ་ལན་སྨིན་སྩོལ་གནང་བ་དང་འབྲེལ། སློབ་གཉེར་བ་རྣམས་ལ། ད་ལྟ་ང་ཚོ་འཚོ་ཞིང་གནས་སའི་འཛམ་གླིང་འདིར། མིས་བཟོས་པའི་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་པས། ཕྱིས་འབྱུང་འདི་རིགས་མི་འབྱུང་བ་དང་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་རྒྱུུར། འབད་བརྩོན་བྱེད་དགོས་པ་ཡིན་ཞེས་བཀའ་སློབ་བསྩལ་ཡོད་འདུག

XS
SM
MD
LG