ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་བ་ཀརྨ་པ་མཆོག་གིས་རྗེ་བཙུན་མི་ལ་རལ་པའི་གུར་སྐོར་གསུང་བཤད་གནང་བ།


རྒྱ་གར་གཞུང་གི་རྩོམ་སྒྲིག་སློབ་ཁང་དང་ རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་གནང་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕྱི་ཚེས་༢༧ཉིན་། ཧིན་ལྡིའི་སྙན་ངག་གྲགས་ཅན་ཁག་ཅིག་གདན་ཞུ་གནང་སྟེ་རྗེ་བཙུན་མི་ལ་རལ་པའི་གུར་གྱི་སྙན་འཇེབས་ཀྱི་སྐོར་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་པའི་སྐབས་། སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གདན་ཞུ་གནང་ཡོད་པ་དང་ སྐབས་དེར་ཀརྨ་པ་མཆོག་གིས་རྗེ་བཙུན་མི་ལ་རལ་པའི་གུར་གྱི་ཁྱད་ཆོས་གཙོ་བོ་བླ་མར་མོས་གུས་རྩེ་གཅིག་ཏུ་གནས་པའི་ཐོག་རང་གི་མི་ཚེའི་ཉམས་མྱོང་རྣམས་སྙན་ངག་གི་ལམ་ནས་བརྗོད་པ་ཞིག་རེད་ཅེས་གསུངས་ཡོད་པའི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG