ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྐོག་ཟ་ཐེར་འདོན་པར་སྲུང་སྐྱོབ།


རྒྱ་ནག་གི་སྤྱི་ཚོགས་སུ་ལྐོག་ཟ་རུལ་སུངས་བཀག་སྡོམ་བྱ་མི་ཐུབ་པའི་འགོག་རྐྱེན་གཙོ་བོ་ཞིག་ལྐོག་ཟ་དང་ཁྲིམས་འགལ་བྱེད་མཁན་རྣམས་མི་མང་གིས་ཐེར་འདོན་བྱས་ཀྱང་། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་མཁན་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཀྱི་མེད་ཅིང་། ད་དུང་རིམ་པ་ཁག་གི་འགོ་ཁྲིད་ཚོས་ལྐོག་ཟ་ཐེར་འདོན་བྱེད་མཁན་ཚོར་དགྲ་ལན་སློག་གི་ཡོད་པ་དེར་ཐུག་ཡོད་པས། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་མི་མང་ལ་ཁྲིམས་མཐུན་དང་གཞུང་གི་འགྲོ་སྟངས་བརྒྱུད་ནས་ལྐོག་ཟ་རུལ་སུངས་ཐེར་འདོན་བྱ་དགོས་པ་དང་། ལྐོག་ཟ་ཐེར་འདོན་བྱེད་མཁན་མི་མང་གི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་སྲུག་སྐྱོབ་བྱ་རྒྱུ། ཁྲིམས་འགལ་དང་ལྐོག་ཟ་བྱེད་མཁན་དེ་ཚོར་འཕྲལ་དུ་ཁྲིམས་གཅོད་དྲག་པོ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG