ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ཝན་ཁུ་ཝར་དང་ཨ་ལ་བྷ་མར་ཆིབས་བསྒྱུར་གྱི་མཛད་དོན་ལེགས་གྲུབ་ཟིན་ཡོད་པ།


ཕྱི་ཟླ་༡༠པའི་ཚེས་༢༡ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁེ་ནེ་ཊའི་ནུབ་ཕྱོགས་གྲོང་ཁྱེར་ཝན་ཁུ་ཝར་ཆིབས་བསྒྱུར་བསྐྱངས་ཏེ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་ དེ་བཞིན་ཁུལ་དེའི་ནང་པའི་ཆོས་ཚོགས་ཤིག་གིས་གོ་སྒྲིག་གནང་སྟེ་དད་ལྡན་མང་ཚོགས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དང་ཐུགས་རྗེ་ཆེན་པོའི་དབང་བསྩལ་གནང་ཡོད་པ་མ་ཟད་ ས་གནས་སུ་གནས་འཁོད་བོད་མི་མང་ཚོགས་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་དང་ དེ་རྗེས་ཨ་མི་རི་ཀའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་བྷར་མིང་ཧམ་དུ་ཆིབས་བསྒྱུར་གནང་སྟེ་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་ཁག་ཅིག་དང་ཕན་ཚུན་མཐུན་འབྲེལ་གོང་འཕེལ་དུ་གཏོང་ཆེད་ཀྱི་འདུ་འཛོམས་ཤིག་ལ་གསུང་བཤད་གནང་ཡོད་པ་དང་ དེ་བཞིན་ཨ་ལ་བྷ་མའི་གཙུག་ལག་སློབ་གཉེར་ཁང་དུ་ཀླད་རྩའི་ཚན་རིག་པ་དང་ འཕྲོད་བསྟེན་མི་སྣ་ གཞན་ཡང་ འཕྲོད་བསྟེན་ཉམས་ཞིབ་པ་ལ་སོགས་པའི་མང་ཚོགས་འདུ་འཛོམས་ཤིག་གི་ཐོག་༧གོང་ས་མཆོག་གིས་བྱམས་བརྩེ་ཅན་གྱི་ཁོར་ཡུག་གིས་མིའི་སེམས་དང་ གཟུགས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་གསུང་བཤད་གནང་ཡོད་ཅིང་ དེ་བཞིན་ས་གནས་དེའི་མང་ཚོགས་ཆིག་ཁྲི་ལྷག་ཙམ་ཞིག་ལ་ཆོས་དང་འབྲེལ་མེད་ཀྱི་མིའི་བཟང་པོའི་ཡོན་ཏན་གོང་འཕེལ་དུ་གཏོང་ཐབས་བྱེད་སྒོའི་ཐད་བཀའ་སློབ་གནང་ཡོད་པ་རེད།

XS
SM
MD
LG