ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱིས་ཨི་ཛ་རལ་ནས་མཚོན་ཆ་མཁོ་སྒྲུབ།


རྒྱ་གར་གྱི་དྲག་པོའི་དཔུང་དམག་དེང་རབས་ཅན་དང་ཡར་རྒྱས་ཕུལ་དུ་ཕྱིན་པ་ཡོང་རྒྱུའི་ཆེད་དུ་ རྒྱ་གར་གྱིས་ཨི་ཛ་རལ་ནས་དེང་རབས་ཅན་གྱི་མེ་ཤུགས་འཕུར་མདའ་བརྒྱད་སྟོང་ལྷག་ཙམ་མཁོ་སྒྲུབ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པར་ རེས་གཟའ་ཉིན་མའི་ཉིན་རྒྱ་གར་གྱི་གཞུང་འབྲེལ་མི་སྣས་གསལ་བསྒྲགས་གནང་ཡོད་པ་དང་རྒྱ་གར་གྱི་དྲག་པོའི་དཔུང་སྡེ་ཁག་གི་གནས་སྟངས་ཡར་རྒྱས་དང་དེང་རབས་ཅན་དུ་འགྱུར་རྒྱུའི་འཆར་གཞི་སྔོན་མ་ནས་ཡོད་པ་དེ་ སྲིད་བློན་ན་རནཊ་མོ་ཊི་ཡིས་ ལས་དོན་དེ་དག་གང་མགྱོགས་བྱེད་དགོས་པའི་སྐུལ་འདེད་གནང་ཡོད་་པ་རེད་ འདི་ལོ་སྤྱི་ཟླ་༥་ནང་སྐུ་ཞབས་མོ་ཊི་ཡིས་སྲིད་བློན་གྱི་མཛད་འགན་བཞེས་པའི་རྗེས་ རྒྱ་གར་གྱི་དྲག་པོའི་དཔུང་དམག་གི་གནས་སྟངས་དེ་ཡར་རྒྱས་བཏང་སྟེ་ རྒྱལ་ཁབ་སུ་ཞིག་གིས་རྒྱ་གར་ཐོག་མིག་ལོག་ངན་པ་ཞིག་ཀྱང་བལྟ་མ་ནུས་པ་ཞིག་བཟོ་དགོས་ཀྱི་ཡོད་པ་སྲིད་བློན་མོ་ཊི་ཡིས་ནན་བརྗོད་གནང་ཡོད་པ་རེད་ རྒྱ་གར་གྱི་རྒྱལ་སྲུང་མཁོ་སྒྲུབ་འགན་འཛིན་ལྷན་ཚོགས་ཀྱིས་ མཚོ་འོག་དམག་གྲུ་དྲུག་གསར་བསྐྲུན་བྱ་རྒྱུ་ཐག་གཅོད་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG