ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་ཨ་ལ་བྷ་མའི་མི་རིགས་ནག་པོའི་ཆོས་ཁང་ལ་ཆིབས་བསྒྱུར།


༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་བྷར་མིན་ཧམ་ནང་མི་རིགས་ནག་པོའི་མཆོད་ཁང་ཞིག་ལ་ཆིབས་བསྒྱུར་གནང་ནས་མི་རིགས་ནག་པོ་ཚོས་ཧུར་བསྐྱེད་དང་འབད་བརྩོན་བྱས་པ་ཡིན་ན་མི་རིགས་དཀར་པོ་དང་གཅིག་མཚུངས་ནུས་པ་ཐོན་པའི་ལས་ཀ་བྱེད་ཐུབ་ཀྱི་རེད་ཅེས་བཀའ་སློབ་གནང་འདུག་པ་དང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས་ཞེས་པའི་ཚན་རིག་མཁས་པའི་ལྷན་དུ་བགྲོ་གླེང་གནང་རྗེས་ཉིན་རྒྱབ་ཏུ་ ༡༩༦༤ ལོར་མི་རིགས་ནག་པོ་ཚོས་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱས་པའི་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་ཡི་ཤུའི་ཆོས་ཁང་དེར་ཆིབས་སྒྱུར་མཛད་དེ་བཀའ་སློབ་གནང་ཡོད་པ་རེད། གྲོང་ཁྱེར་དེའི་མི་མང་ཁོངས་ནས་བརྒྱ་ཆ་བདུན་ཅུ་ཙམ་མི་རིགས་ནག་པོ་ཡིན་པ་དང་། ༧གོང་ས་མཆོག་གིས་གྲོང་ཁྱེར་སྤྱི་ཁྱབ་ཝི་ལྱིམ་ བྷེལ་གྱིས་ཇི་ལྟར་གདན་ཞུ་གནང་བ་བཞིན་ད་ལམ་ཐེངས་དང་པོར་གྲོང་ཁྱེར་དེར་ཆིབས་སྒྱུར་གནང་ཐུབ་པར་དགྱེས་མཉེས་ཆེན་པོ་བྱུང་བ་དང་། མར་ཀྲིན་ ལ་ཐར་ཀིང་དང་འབྲེལ་བ་གཏིང་ཟབ་ཡོད་པའི་གྲོང་ཁྱེར་འདིར་མ་འོངས་པར་སླར་ཡང་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག གྲོང་ཁྱེར་སྤྱི་ཁྱབ་ཀྱིས་༧གོང་ས་མཆོག་ས་གནས་སུ་ཕེབས་པར་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག མི་རིགས་ནག་པོའི་འཐབ་རྩོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔར་སྒྲོམ་ཞིག་འབུལ་ལམ་ཞུས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG