ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

གྲོང་ཁྱེར་ནེའུ་ཡོག་གི་སྨན་པ་ཞིག་ལ་ཨི་བྷོ་ལཱའི་འགོས་ནད་ཕོག་པ།


ཉེ་ཆར་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་སྨན་པ་སི་པེན་སར་ཞེས་པ་ཞིག་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་གྷི་ཎི་ལ་མཚམས་མེད་པའི་སྨན་པའི་རུ་ཁག་གི་སྨན་པའི་གྲས་སུ་རོགས་རམ་ལ་ཕེབས་ཏེ། ཁོང་གིས་ཟླ་བ་གཅིག་ཙམ་རིང་ལ་ཁུལ་དེར་ཨི་བྷོ་ལཱའི་འགོས་ནད་ཕོག་པའི་ནད་པ་ཚོར་སྨན་བཅོས་གནང་ཡོད་ཅིང་། ཉི་ཤས་གོང་དུ་སྨན་པ་སི་པེན་སར་རང་ཡུལ་ཨ་མི་རི་ཀར་ཕྱིར་ལོག་གནང་རྗེས་ཨི་བྷ་ལཱའི་ནད་གཞི་ཕོག་པ་ཤེས་རྟོགས་བྱུང་འདུག དེར་བརྟེན་ཁོང་ནེའུ་ཡོག་གྲོང་ཁྱེར་གྱི་སྨན་ཁང་ཞིག་ལ་སྐྱེལ་དགོས་བྱུང་བ་དང་། ཁོང་ནི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གི་ཨི་བྷ་ལཱའི་ འགོས་ནད་ཕོག་མཁན་དང་པོ་དེ་ཡིན་པ་མ་ཟད། ཁ་སང་གསར་འགོད་ལྷན་ཚོགས་སྐབས་སུ་གྲོང་ཁྱེར་སྤྱི་ཁྱབ་པས་ནེའུ་ཡོག་གྲོང་ཁྱེར་ལ་ཨི་བྷོ་ལཱའི་ནད་གཞི་འགོག་བཅོས་ཐུག་པའི་ལ་གྲ་སྒྲིག་ཆ་ཚང་ཡོད་པས། གྲོང་ཁྱེར་གྱི་མི་མང་གིས་དེའི་ཐད་ལ་བློ་འཚབ་བྱ་དགོས་དོན་མེད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG