ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཁམས་སོག་རྫོང་གི་གྲྭ་པ་ཞིག་ལོ་༡༢་བཙོན་ཐག་བཅད་པ།


འདི་ལོའི་ཕྱི་ཟླ་གསུམ་པའི་ནང་འཛིན་བཟུང་བྱས་པའི་ཁམས་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་དགེ་འདུན་པའི་གྲས་ཀྱི་ཚང་དབྱངས་རྒྱ་མཚོ་ལ་ཉེ་སྔོན་ལོ་༡༢་ཀྱི་བཙོན་འཇུག་གི་དུས་བཀག་ཁྲིམས་ཐག་བཅད་འདུག ཁོང་གི་མཉམ་དུ་འཛིན་བཟུང་བྱས་པའི་ཚེ་དབང་གི་ཚེ་སྲོག་ལ་ཉེན་ཀ་ཡོད་པའི་ནད་པར་གྱུར་ཀྱང་སྔར་བཞིན་སོག་རྫོང་གི་བཀག་ཉར་ཁང་དུ་བཞག་ཡོད་ཅིང་། མིང་གསལ་བོ་བཤད་འདོད་མེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ཚང་དབྱངས་རྒྱ་མཚོ་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་དགེ་འདུན་པ་གཞན་ཚོར་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG