ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་ངོ་རྒོལ་བའི་འགོ་ཁྲིད་ཀྱིས་ཕྱི་རྒྱལ་གྱི་ཐེ་གཏོགས་མེད་ཟེར།


ཁ་སང་ཧོང་ཀོང་གི་ཉེན་རྟོག་པ་དང་དམངས་གཙོ་དོན་གཉེར་གྱི་ལས་འགུལ་པ་ཚོ་འཁྲུག་འཛིང་བྱུང་ཡོད་ཅིང་། ད་དུང་སློབ་ཕྲུག་ལས་འགུལ་བ་ཚོས་མུ་མཐུད་དུ་ངོ་རྒོལ་བྱས་ནས་སྒར་ཐོག་ཏུ་བསྡད་ཡོད་པ་དང་། རྒྱ་ནག་གི་ཧོང་ཀོང་དམིགས་བསལ་ས་ཁུལ་ཀྱི་འགོ་གཙོས་ངོ་རྒོལ་དེར་ཕྱི་རྒྱལ་གྱི་ཐེ་བྱུས་བྱེད་ཀྱིན་འདུག་ཅེས་སྐད་ཆ་བཤད་པ་དེར་ངོ་རྒོལ་བའི་འགོ་ཁྲིད་ཀྱིས་དེ་ནི་གནས་ཚུལ་རྫུན་བཟོ་བྱས་ནས་འཁྱོག་བརྗོད་བྱས་པ་ཞིག་ཡིན་ཞེས་སྐྱོན་བརྗོད་བྱས་འདུག ད་ལྟའི་འཆར་གཞི་ལྟར་ན་སང་ཉིན་གཟའ་མིག་དམར་གྱི་དགོང་དྲོར་ངོ་རྒོལ་བའི་འགོ་ཁྲིད་ཁག་ཅིག་དང་ཧོང་ཀོང་སྲིད་གཞུང་གི་འགོ་ཁྲིད་ཁག་ཅིག་མཉམ་དུ་གྲོས་མོལ་ཐེངས་དང་པོ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG