ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མཁན་པོ་ཀར་ཚེ་ལ་ལོ་གཉིས་དང་ཕྱེད་ཀར་བཙོན་འཇུག་ཁྲིམས་ཆད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཕ་ཡུལ་གླེང་སྟེགས་ནང་དུ་ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ཆབ་མདོ་ས་གནས་ཁྲིམས་ཁང་གིས་ལོ་གཉིས་དང་ཕྱེད་ཀར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། མཁན་པོ་ཁོང་གི་ཕྱག་ལས་དང་ས་གནས་ཀྱི་དཀའ་ངལ་ཐད་བགྲོ་གླེང་ཞུས་ཡོད།

བོད་གཞུང་དྲ་གནས་སུ་གནས་ཚུལ་བཀོད་པ་ལྟར་ན། ཟླ་བ་གཉིས་གསུམ་ཙམ་སྔོན་ཆབ་མདོ་ས་གནས་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་བཤེར་བྱས་པ་བརྒྱུད། ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ཉེས་ཅན་སྦས་སྲུང་གི་ཉེས་པ་ཟེར་བའི་མིང་ཐོག་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད་ཟེར།།

མཁན་པོ་ཀརྨ་ཚེ་དབང་ལགས་ནི། ཕྱི་ལོ་ ༡༩༧༥ ལོར་འཁྲུངས་ཤིང་། ཁམས་ནང་ཆེན་ནས་ཡིན་པ་དང་། ཇ་པ་དགོན་པར་རབ་ཏུ་བྱུང་ནས་ལོ་མང་སོང་ཡོད་ལ། དེ་སྔ་གསེར་རྟ་བླ་རུང་ཆོས་སྒར་ལ་སློབ་སྦྱོང་གནང་མྱོང་འདུག དེ་སྔོན་ཇ་པ་དགོན་པ་ནས་མཁན་པོ་གནང་མྱོང་ཞིང་མཁན་པོ་ཀར་ཚེ་ལགས་དང་རྒྱུས་མངའ་ཆེན་པོ་ཡོད་པ། ད་ལྟ་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་ནང་ཡོད་པའི་འཇམ་དབྱངས་ཆོས་འཁོར་གླིང་གི་མཁན་པོ་ཀར་བསྟན་ལགས་ཀྱིས་མཁན་པོ་ཀར་ཚེ་ལགས་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ནང་ཆོས་སློབ་གཉེར་ཡག་པོ་ཡོད་མཁན་ཞིག་དང་། རྒྱུན་ཏུ་ས་གནས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ལ་སྲུང་སྐྱོབ་གནང་མཁན་ཞིག་དང་། མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་ཁྱབ་སྤེལ་དང་བོད་སྐད་ཡིག་སློབ་གསོ་སྤེལ་མཁན་ཞིག་ཀྱང་ཡིན་ཟེར།།

ཕྱི་ལོ་ ༢༠༡༠ ལོར་སྐྱེ་རྒུ་མདོ་ལ་ས་ཡོམ་དང་། ཕྱི་ལོ་ ༢༠༡༠ ལོའི་འབྲུག་ཆུའི་རང་བྱུང་གནོད་འཚེ། ཕྱི་ལོ་ ༢༠༡༣ ལོའི་གཡག་རྔའི་ས་ཡོམ་སོགས་ནང་མྱུར་སྐྱོབ་རོགས་རམ་གནང་མཁན་གྲས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༡༣་ཟླ་༡༢་ཚེས་༡༤་ཉིན་ཆབ་མདོ་ཉེན་རྟོག་མི་སྣས་ཁོ་རང་འཛིན་བཟུང་བྱས་ཤིང་། ༢༠༡༤་ལོའི་ཟླ་༡༢་ཚེས་༢༦་ཉིན་ཁྲིམས་རྩོད་པ་དང་ངོ་ཐུག་རྗེས་ཁྲིམས་རྩོད་པས་མཁན་པོ་ཁོང་ལ་མཆིན་པ་དང་གློ་བའི་ན་ཚ་ཡོད་པ་བརྗོད་འདུག

མཁན་པོ་ཀརྨ་ཚེ་དབང་ལགས་འཛིན་བཟུང་བྱས་པའི་རྗེས་ནང་ཆེན་ཁུལ་གྱི་ས་གནས་མང་ ཚོགས་བཞི་སྟོང་ཙམ་ནས་མཁན་པོ་གང་མྱུར་གློད་བཀྲོལ་དགོས་པའི་ཞུ་འབོད་ཐེངས་གསུམ་བྱས་པ་རེད།།

མཁན་པོ་ཁོང་ལ་དང་ཐོག་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ནག་ཉེས་བཙུགས་ནའང་། མཐའ་མར་ཉེས་ཅན་སྦས་སྲུང་བྱས་པའི་ནག་ཉེས་བཙུགས་ཏེ་ཁྲིམས་ཐག་བཅད་པ་རེད།།

XS
SM
MD
LG