ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོ་ཡ་སུ་ཀུ་ཎི་ལྷ་ཁང་ལ་ཕེབས་པ།


གཟའ་པ་སངས་ཉིན་སྟོན་ཀའི་དུས་ཆེན་དང་བསྟུན་ནས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་༡༠༠་ལྷག་དམག་འཁྲུག་གི་དཔའ་བོའི་རྗེས་དྲན་ཁང་ཡ་སུ་ཀུ་ཎི་ལྷ་ཁང་ལ་ཕེབས་ཏེ། ཁོང་ཚོས་ཉི་ཧོང་རྒྱལ་ཁབ་ཀྱི་དོན་དུ་དམག་འཁྲུག་ལ་ཞུགས་ནས་ཚེ་སྲོག་ཤོར་པའི་འདས་པོ་ཚོར་མྱ་ངན་བྱས་ཡོད་ཅིང་། ད་རེས་ཀྱི་རྗེས་དྲན་མཆོད་འབུལ་འདིར་སྲིད་བློན་ཤཱིན་ཟོ་ཨ་བྷེ་དངོས་སུ་མ་ཕེབས་པར་མཆོད་རྫས་ཤིག་བསྐུར་པ་དེར་རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མི་འདོད་པའི་རྣམ་འགྱུར་སྒྱུར་བསྟན་འདུག དེར་རྟེན་རིང་མིན་རྒྱ་ནག་ལ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོའི་ལོ་འཁོར་ལྷན་ཚོགས་སྐབས་སུ་ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་དེར་དོ་ཕོག་འགྲོ་ སྲིད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG