ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞི་རྒོལ་བར་རྡུང་བརྡེག་གཏོང་མཁན་མི་ངན་ཇག་ཚོགས་གླས་ཡོད་ལུགས་སྐྱོན་འཛུགས།


ཧོང་ཀོང་གི་ནང་ དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ཞི་རྒོལ་ལས་འགུལ་མུ་མཐུད་སྤེལ་ནས་ད་ཆ་གཟའ་འཁོར་གཉིས་ལྷག་ཙམ་ཞིག་འགྲོ་བའི་སྐབས་འདིར། རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་ཐོ་རེངས། གཞུང་གི་ཉེན་རྟོག་པ་བསླེབས་ཏེ། ཞི་རྒོལ་བྱེད་མཁན་རྣམས་ཀྱིས་བཙུགས་པའི་བཀག་རྒྱ་འགའ་ཞིག་གཏོར་བཤིག་གཏོང་འགོ་ཚུགས་པ་དང་། དེ་ནས་གང་ཙམ་སོང་བའི་རྗེས་སུ། གདོང་ལ་འབག་གྱོན་པའི་མི་ངན་ཇག་ཚོགས་དེ་གྲས་བརྒྱ་ཕྲག་ཁ་ཤས་བསླེབས་ཏེ། ཞི་རྒོལ་བྱེད་མཁན་རྣམས་ལ་རྡུང་བརྡེག་གཏོང་འགོ་ཚུགས་སྟབས། ཕན་ཚུན་འཁྲུག་འཛིངས་བྱུང་སྟེ་ གནས་སྟངས་ཟང་ཟིང་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ཞི་རྒོལ་བྱེད་མཁན་རྣམས་ལ་རྡུང་བརྡེག་གཏོང་མཁན་དེ་དག་ནི། རྒྱ་གཞུང་གིས་གླས་པའི་མི་ངན་ཇག་ཚོགས་དེ་འདྲ་ཡིན་ལུགས། ཞི་རྒོལ་བྱེད་མཁན་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དང་། ཞི་རྒོལ་བྱ་ཡུལ་དུ་གདོང་ལ་འབག་གྱོན་པའི་མི་ངན་དེ་འདྲ་གློ་བུར་དུ་ཡོང་སྟེ་དྲག་ཟིང་བསླངས་པའི་གནས་ཚུལ་ནི། ད་རེས་འདི་ཐོག་མ་མིན་པར་ཉེ་དུས་ཡང་དེ་འདྲའི་གནས་ཚུལ་ཞིག་བྱུང་ཡོད་པའི་སྐོར།

XS
SM
MD
LG