ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨེ་ཤི་ཡ་ཁུལ་དུ་ཨི་བྷོ་ལ་ནད་ཡམས་སྔོན་འགོག་བྱེད་དགོས་ལུགས་བརྗོད་ཡོད་པ།


དེང་སྐབས་ཨ་ཕྷི་རི་ཀའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་ཨི་བྷོ་ལ་ཞེས་པ་ཁྲག་ཐོན་གྱི་ནད་གཞི་ཉེན་ཚབས་ཅན་དེ་ཁྱབ་བརྡལ་དུ་ཕྱིན་ཡོད་པ་ལྟར་ ནད་གཞི་དེ་འཛམ་གླིང་གི་ཡུལ་གྲུ་གང་སར་འགོས་ཁྱབ་ཏུ་འགྲོ་སྲིད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པར་བརྟེན་ འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་གྱིས་རེས་གཟའ་ཟླ་བའི་ཉིན་ ཨེ་ཤིོ་ཡ་དང་ ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཆགས་པའི་ཡུལ་གྲུ་ཁག་ལ་ནད་ཡམས་དེ་སྔོན་ཚུད་ནས་མ་འགོས་པ་བྱ་རྒྱུའི་དོན་དུ་ཐབས་ཤེས་གང་ཡོད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་ དེ་ཡང་ ཨེ་ཤི་ཡ་དང་ ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡུལ་གྲུ་ཁག་གི་ནང་དེ་སྔ་དབུགས་གཏོང་ལེན་དཀའ་བའི་ནད་གཞི་དབྱིན་སྐད་དུ་སར་སི་SARSདང་ བྱ་ནད་ལ་སོགས་པའི་ནད་ཡམས་ཁྱབ་བརྡལ་དུ་ཕྱིན་ཡོད་པ་རེད་ འོན་ཀྱང་ད་ལྟའི་ཆར་གོང་ཞུས་མངའ་ཁུལ་དུ་ཨི་བྷོ་ལ་ཞེས་པའི་ནད་ཡམས་འགོས་པའི་གནས་ཚུལ་གང་ཡང་མེད་པ་བཅས་ཀྱི་སྐོར།

XS
SM
MD
LG