ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིར་ཐའེ་ཝན་གྱི་དམག་དོན་ལ་རོགས་རམ་དགོས་པའི་འབོད་སྐུལ།


ཐའེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པས་ཨ་མི་རི་ཀ་དང་ཐའེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ཚོགས་འདུའི་ཐོག་ མིག་སྔར་རྒྱ་ནག་གི་མཁའ་དབྱིངས་བཀག་སྡོམ་དང་མཚོ་ཐོག་བཀག་སྡོམ་ཀྱི་ནུས་པ་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར་ ཐའེ་ཝན་གྱིས་རང་གི་རྒྱལ་སྲུང་ནུས་པ་ཤུགས་ཆེར་གཏོང་དགོས་པས་ ཨ་མི་རི་ཀས་མུ་མཐུད་ནས་འགོག་སྲུང་གི་མཚོན་ཆ་དང་ དེའི་ནང་སྔོན་མཐོན་གྱི་དམག་འཐབ་གནམ་གྲུ་དང་དེ་བཞིན་ཆུ་འོག་དམག་གྲུ་སོགས་མཁོ་འདོན་གནང་དགོས་པའི་འབོད་སྐུལ་དང་ གལ་སྲིད་ཨ་མི་རི་ཀས་ཐའེ་ཝན་གྱི་དམག་དོན་ནུས་པ་ཤུགས་ཆེར་གཏོང་རྒྱུར་རོགས་རམ་གནང་བ་ཡིན་ན་ཐའེ་ཝན་གྱི་མདུན་དུ་གནས་པའི་ཉེན་ཁ་དེ་ཆུང་དུ་གཏོང་ཐུབ་རྒྱུ་རེད་ཅེས་གསལ་སྟོན་གནང་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀྲུང་ཁྲང་ཕང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་བསྒྱུར་གྱིས་སྙན་སྒྲོན་ཞུ་གི་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG