ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྤྲུལ་སྐུ་ལ་ངོས་འཛིན་བྱས་པའི་ཨ་རི་བ་ཞིག་སྨན་ཁང་ནང་ཨེས་བྷོ་ལཱ་ནད་བཅོས་བཞིན་ཡོད་པ།


བོད་ཀྱི་སྤྲུལ་སྐུ་ཞིག་གི་ཡང་སྲིད་ལ་ངོས་འཛིན་བྱས་པའི་ཨ་མི་རི་ཁའི་དཔར་པ་ཞིག་ཨ་ཧྥི་རི་ཁའི་ནང་ཨེས་བྷོ་ལཱ་ནད་འགོས་ནས་ཁ་སང་ཨ་མི་རི་ཁར་སྨན་བཅོས་བྱེད་པར་ཕྱིར་ལོག་བྱས་ཡོད་པ་དང་། ད་ལྟ་མངའ་སྡེ་Nebraska ནང་ཡོད་པའི་སྨན་ཁང་ཞིག་གི་ནང་སྨན་བཅོས་བྱེད་འགོ་བཙུགས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྨན་ཁང་དེའི་གསར་འགོད་འདུ་ཚོགས་སར་ཁ་པར་ཐོག་ནས་མཉམ་ཞུགས་བྱས་པ་དང་། དེ་རྗེས་ནད་པ་དེའི་ཨ་མ་ལ་དྲི་བ་དྲི་ལེན་བྱས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ལྟར་ན། ཁོང་གི་ནང་མི་ཡིས་སྨན་བཅོས་ལམ་ལྷོང་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་རེད།ཁོང་ནི་དེ་སྔོན་ཨ་རིའི་ནང་སྐད་གྲགས་ཡོད་པའི་ཆོས་བྱམས་དྲུང་པ་རིན་པོ་ཆེ་ཡི་བུ་ཚབ་ཀྱང་ཡིན་པ་རེད།

XS
SM
MD
LG