ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབར་མའི་སྲིད་གཞུང་གིས་བཙོན་པ་མང་པོ་བཙོན་འགྲོལ་གཏོང་རྩིས་ཡོད་པ།


དེང་སྐབས་བཙོན་ཁང་ནང་ཡོད་བཙོན་པ་མི་གྲངས་༣༠༠༠ལྷག་ཙམ་ཞིག་གློད་བཀྲོལ་གཏོང་རྩིས་ཡོད་ལུགས་འབར་མའི་སྲིད་གཞུང་གིས་གསལ་བསྒྲགས་བྱས་འདུག་ཅིང་། ལས་འཆར་འདི་ནི་ལེགས་བཅོས་དོན་གཉེར་བ་འབར་མའི་དབུ་ཁྲིད་ཚོས་རྒྱལ་ནང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་དམིགས་པ་ཡིན་པ་དང་། བཙོན་འགྲོལ་གཏོང་རྒྱུའི་ལས་འཆར་འདི་་རིང་མིན་ཟླ་བ་རྗེས་མ་འབར་མའི་ནང་ལྷོ་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་མ་ཚུགས་གོང་ལག་བསྟར་བྱེད་རྩིས་ཡོད་པ་རེད། རྒྱལ་སྤྱིའི་ལྷན་ཚོགས་དེའི་ནང་ཨ་རིའི་སྲིད་འཛིན་ཨོ་རྦ་མ་མཆོག་གིས་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་དབུ་ཁྲིད་མང་པོས་མཉམ་ཞུགས་གནང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG