ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ནས་ཐཱ་ཝན་བར་གྱི་མི་ཧ་ཅང་མང་པོས་ཧོང་ཀོང་གི་ཞི་རྒོལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ།


ད་ལྟ་ཧོང་ཀོང་གི་ནང་མི་སྟོང་ཕྲག་མང་པོ་སྲང་ལམ་ཁག་གི་ཐོག་ཐོན་སྟེ། དམངས་གཙོའི་ཐོབ་ཐང་ཆ་ཚང་བ་དགོས་པའི་དགོས་འདུན་མུ་མཐུད་འདོན་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་འདིའི་ཐད་ཐག་གཅོད་གང་འདྲ་ཞིག་བྱས་ཡོང་སྙམ་པའི་སེམས་འཚབ་ཀྱི་ངང་འཛམ་གླིང་ཡོངས་ཀྱིས་ལྟ་བཞིན་པ་ཡིན་ཞིང་། ལྷག་པར་དུ་ རྒྱ་ནག་གཞུང་གི་བཙན་གནོན་གྱི་འོག་ཏུ་དཀའ་སྡུག་ཆེན་པོ་མྱང་དང་མྱོང་བཞིན་པའི་བོད་ནང་གི་བོད་མི་དང་ ཡུ་གུར་ཁ་ཆེ་མི་རིགས་སོགས། གྲངས་ཉུང་མི་རིགས་གནས་ཡུལ་ས་ཁུལ་ཁག་གི་མི་རྣམས་དང་ ཐཱ་ཝན་བཅས་ཀྱིས། ད་ལྟ་ཧོང་ཀོང་ནང་འབྱུང་བཞིན་པའི་གནས་ཚུལ་དེ་ཚོའི་ཐད་དོ་སྣང་དེ་བས་ཆེ་བ་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG