ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མགོ་ལོག་ཏུ་དཀོན་མཆོག་ལགས་ཀྱིས་རང་སྲེག་ངོ་རྒོལ།


མགོ་ལོག་དགའ་བདེ་རྫོང་ཁོངས་གཙང་སྐོལ་བཤོལ་མ་གྲོང་བརྡལ་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སུ། ལོ་ན་༤༢ཙམ་ཡིན་པའི་བོད་མི་དཀོན་མཆོག་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། མཐའ་སྐོར་གྱི་ས་གནས་བོད་མི་ཚོས་དཀོན་མཆོག་ལགས་ཀྱི་ལུས་སྟེང་གི་མེ་བསད་དེ་གསང་བའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཛ་དྲག་མྱུར་སྐྱོབ་ཀྱི་སྨན་བཅོས་བྱེད་དུ་ཁྲིད་ཡོད་འདུག ད་ལྟའི་ཆར་དཀོན་མཆོག་ལགས་གསོན་ཐུབ་ཙམ་བྱུང་ཡོད་ཀྱང་ཁོང་གི་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་བྱེད་པར་དཀའ་ངལ་ཡོད་པ་དང་། དེ་བཞིན་སྨན་བཅོས་བྱེད་བཞིན་ཡོད་ཀྱང་གསོན་པོ་ཡོང་བར་རེ་བ་ཆེན་པོ་མེད་ཚུལ་སོགས་ཀྱི་གནས་ཚུལ་ཐོན་འདུག་པ་ འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG