ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་དམངས་གཙོའི་ལས་འགུལ་ཉིན་དགུ་པ།


གཟའ་ཟླ་བའི་ཞོགས་པ་ཧོང་ཀོང་གི་ཁྲོམ་གཞུང་དུ་མུ་མཐུད་ནས་མི་དམངས་བརྒྱ་ཁོར་འགའ་ཞིག་གིས་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་ཡོད་འདུག འདས་པའི་ཉིན་གཉིས་ཙམ་རིང་ཧོང་ཀོང་སྲིད་གཞུང་གིས་ གལ་ཏེ་ཁྲོམ་སྐོར་བ་ཚོས་གཟའ་ཟླ་བའི་ཉིན་མུ་མཐུད་ནས་གཞུང་ལམ་བཀག་སྟེ་གཞུང་གི་ལས་བྱེད་པ་ཚོ་ལས་ཁུངས་ལ་འགྲོ་མ་ཐུབ་པ་བྱུང་ཚེ་ཉེན་རྟོག་མི་སྣ་བཏང་ཏེ་བཙན་ཤེད་ཀྱི་ཐོག་ནས་ཁྲོམ་སྐོར་ཚོ་ཁ་གཏོར་གཏང་རྒྱུ་ཡིན་ཅེས་ཉེན་བརྡ་བཏང་ཡོད་པས་ མི་མང་པོས་གཟའ་ཉི་མའི་མཚན་མོ་ཉེན་རྟོག་པ་དང་ཁྲོམ་སྐོར་བ་རྣམས་འཁྲུགས་འཛིངས་ཡོང་རྒྱུའི་ཚོད་དཔག་བྱས་ཡོད་ནའང་དེའི་དགོངས་མོ་ དམིགས་བསལ་ཟང་ཟིང་གི་གནས་ཚུལ་གང་ཡང་བྱུང་མིན་འདུག

ཁྲོམ་སྐོར་ནང་ཞུགས་མཁན་བུ་མེད་མིང་ལ་ཇི་ནི་ཤའོ་ཟེར་བ་ཞིག་གིས་ ཉེན་རྟོག་པ་ཡོང་རྒྱུའི་ཉེན་ཁ་དེ་ད་དུང་ཡོག་རེད་ ཡིན་ནའང་ཉེན་རྟོག་མི་སྣས་དྲག་ཤུགས་བདེ་སྤྱོད་མི་གཏོང་བའི་རེ་བ་ཡོད་ཅེས་བཤད་འདུག

ཁྲོམ་སྐོར་བའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་མ་ཟད་ ངོ་རྒོལ་བ་ཚོས་མི་ཚོགས་དཀྱིལ་དུ་ལམ་ཁ་ཞིག་འབྱེད་དེ་གཞུང་གི་ལས་ཁུང་ལ་འགྲོ་མཁན་རྣམས་ལས་དཀར་འགྲོ་ཐུབ་པ་བྱུང་འདུག

དེ་རིང་ཁྱོན་ཡོངས་ནས་བཤད་ན་ཧོང་ཀོང་ནང་གི་གནས་སྟངས་ཞི་འཇམ་དུ་ཕྱིན་ཡོད་འདུག་པ་དང་ ཡིན་ནའང་སློབ་གྲ་དང་ཚོང་ཁང་མང་པོ་ཞིག་ད་དུང་མུ་མཐུད་ནས་སྒོ་བརྒྱབ་ཡོད་འདུག

XS
SM
MD
LG