ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གཞུང་གིས་ངོ་རྒོལ་བྱེད་མཁན་ཚོར་གདོང་ལེན་བྱ་ཆེད་མི་ངན་རུ་ཚོགས་བེད་སྤྱོད།


ཧོང་ཀོང་གྲོས་ཚོགས་ཀྱི་བདེ་འཇགས་ལས་དོན་ཚོགས་ཆུང་གི་འགན་འཛིན་གཞོན་པས་ས་གནས་དེའི་ནང་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་མཁན་མང་ཚོགས་ཐོར་ཞིག་གཏོང་རྒྱུའི་དོན་དུ་གཞུང་གིས་གོ་རིམ་ལྡན་པ་དང་ ཆེད་དུ་མངགས་ཏེ་ཁྲིམས་འགལ་བྱེད་མཁན་མི་ངན་རུ་ཚོགས་ཆེད་གཏོང་བྱས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་ ཉེ་སྔོན་རེས་གཟའ་སྤེན་པའི་ཉིན་ཧོང་ཀོང་གི་ནང་ཞི་བའི་ངོ་རྒོལ་བྱེད་མཁན་དང་ གོ་ལག་ཡོད་པའི་ཇག་པའི་རུ་ཚོགས་ཕན་ཚུན་དྲག་ཟིང་བྱུང་པའི་སྐབས་ ཧོང་ཀོང་གཞུང་གི་དཔུང་དམག་གིས་ཇག་ཚོགས་དེ་དག་གི་བྱ་སྤྱོད་ལ་དམ་བསྒྲགས་སོགས་གང་ཡང་བྱས་མ་སོང་ཅེས་ཧོང་ཀོང་གི་ཞི་བའི་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG