ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཏེ་དམག་ཤུགས་སྟོན་པ།


རྒྱ་ནག་གིས་གླིང་ཆེན་ཕན་ཚུན་སྙོབ༌ཐུབ་པའི་འགྲུལ་སྐྱེལ་མེ་ཤུགས་འཕུར་མདའ་ གྲཱི་ཨཕེ་ ༣༡་བྷི་ ཞེས་པ་ཞིག་རྒྱ་ནག་དམར་ཤོག་ཚོགས༌པ་དབུ་བརྙེས་པའི་དུས་ཆེན་དང་སྟབས་བསྟུན་ནས་ཚོད་ལྟ་བྱས་ཏེ་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཇི་ཆེར་གཏོང་ཐུབ་པ་བྱུང་ཡོད་པ་དང་། ད་ལྟའི་མེ་ཤུགས་འཕུར་མདའ་དེ་བཞིན་བར་སྣང་ཐོག་ཀི་ལོ་མི་ཀྲར་ ༡༠༠༠༠ ལྷག་བསྐྱོད་ཐུབ་པ་དང་། དེས་རྒྱ་ནག་གི་ས་ཁུལ་ནས་གླིང་ཆེན་ཡོ་རོབ་ཀྱི་རྒྱལ་ས་ཚང་མ་དང་། ཨ་རིའི་ནུབ་ཕྱོགས་ས་ཁུལ་ཁག་ཏུ་སྙོབ་ཐུབ་ཀྱི་ཡོད་ལ། དེ་བཞིན་མེ་ཤུགས་འཕུར་མདའ་དེའི་སྒང་རྡུལ་ཕྲན་མཚོན་ཆ་རིགས་མི་འདྲ་བ་འགའ་ཤས་འཁྱེར་ཐུབ་པ་བཅས་ལ་བརྟེན་དེས་ཨ་རིའི་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡུས་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG