ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོང་ཀོང་ལ་ཆེས་མཐོའི་རང་སྐྱོང་སྤྲོད་དགོས་ཞེས་བརྗོད་ཡོད་པ།


གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇྷོན་ཁེ་རེས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་གཉིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཐུག་འཕྲད་བྱས་ཏེ་གསར་འགོད་འདུ་ཚོགས་སར་གཏམ་བཤད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་གལ་ཆེན་པོ་ཡིན་པའི་སྐོར་ནན་བརྗོད་བྱས་པ་དང་ཆབས་ཅིག ཧོང་ཀོང་ནང་གི་གནས་ཚུལ་ཐད་ལ་བསམ་ཚུལ་མི་མཐུན་པའི་གཏམ་བཤད་བྱས་ཡོད་པ་རེད། ཕྱི་སྲིད་དྲུང་ཆེ་ཁེ་རེས་ཀྱིས། རྒྱ་ནག་གཞུང་ལ་ཧོང་ཀོང་གི་མི་དམངས་ལ་རང་གི་འོས་མི་འོས་འདེམ་བྱེད་འཇུག་དགོས་པ་དང་ས་གནས་དེར་ཆེས་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པའི་སྐུལ་མ་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས། ཧོང་ཀོང་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པར་བརྟེན་དེ་ལ་ཐེ་བྱུས་བྱ་རྒྱུ་མེད་པའི་ལན་འདེབས་བྱས་འདུག་པ་དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG