ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་འཛིན་ཨཽ་བྷ་མ་ལ་མང་ཚོགས་ཀྱིས་བསམ་ཚུལ་འཛིན་སྟངས།


ཨ་མི་རི་ཀས་ད་ལྟ་ཨི་རག་དང་སི་རི་ཡེའི་ནང་། ཨིས་ལཱ་མིག་ སི་ཏྲེཌ་ཟེར་བའི་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཚར་གཅོད་རྒྱུར་དམིགས་ཏེ། མཁའ་ཐོག་ནས་རྒོལ་བརྡུང་གཏོང་བའི་ལས་འགུལ་ཞིག་སྤེལ་འགོ་བརྩམས་ཡོད་པ་དེ་ནི། རྒྱུན་གང་ཙམ་རིང་པོ་སྤེལ་རྒྱུའི་དྲག་པོའི་ལས་འགུལ་ཞིག་གི་འགོ་འཛུགས་ཙམ་ཞིག་ཡིན་ལུགས། ཨ་མི་རི་ཀའི་དྲག་པོའི་འགོ་ཁྲིད་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང་། མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པར་གཞིགས་ན། མཁའ་ཐོག་ནས་རྒོལ་བརྡུང་གཏོང་རྒྱུའི་ལས་འགུལ་དེ་ལ་ད་ལྟ་ཨ་མི་རི་ཀ་བ་རྣམས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཁ་ཆེ་དྲག་སྤྱོད་རུ་ཚོགས་དེ་རྩ་མེད་བཟོ་རྒྱུར་དམག་འཐབ་རྒྱུན་རིང་བྱ་དགོས་བྱུང་བ་ཡིན་ན། མང་ཚོགས་ཀྱིས་ད་མུས་བཞིན་ངང་རྒྱུ་རིང་པོ་བྱེད་ཐུབ་མིན་དེ་ནི་བརྗོད་དཀའ་བ་ཞིག་ཡིན་པའི་སྐོར། འདི་ག་རླུུང་འཕྲིན་ཁང་གི་གསར་འགོད་པ་འཇིམ་ མཱ་ལོན་གྱིས་སྤེལ་བའི་གནས་ཚུལ་ཞིག ཡེ་ཤེས་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG