ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བྷིལ་ཇྷམ་དུ་འབྱོར་བའི་བོད་མི་༡༥༠ ལྷག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་རགས་མེད་པ།


སྤྱི་ལོ་༢༠༡༣་ལོའི་སྤྱི་ཟླ་ལྔ་པའི་ནང་བྷིལ་ཇྷམ་གྱི་སྐྱབས་བཅོལ་སྲིད་ཇུས་ལ་འགྱུར་བ་བཏང་བའི་རྗེས་སུ་ཡུལ་དེའི་ནང་ཡོང་བའི་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་རགས་རྒྱུ་ཁག་ཏུ་ཕྱིན་ཡོད་པ་ལྟར། དེ་རིང་ས་གནས་དེར་ཡོད་པའི་བྷེལ་ཇྷམ་སྐྱབས་བཅོལ་བོད་མིའི་མཐུན་མིའི་རྒྱུན་ལས་ལྷན་འཛོམས་ཟེར་བས་གནས་ཚུལ་སྤེལ་དོན་ལྟར་ན། ད་ལྟ་བོད་མི་༡༥༠་ལྷག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་མ་སྤྲད་པར་ཡུལ་དེའི་ནང་སྡོད་མི་ཆོག་པའི་ཡི་གེ་སྤྲད་ཡོད་པ་རེད།

གོང་ཞུས་ཚོགས་པ་དེའི་མགྲིན་ཚབ་པས་འདི་གར་འབྲེལ་བརྗོད་བྱས་པ་ལྟར་ན། ད་ལྟ་བོད་མི་དེ་རྣམས་ཁ་འཐོར་ནས་རང་སོ་སོའི་ངོ་ཤེས་པ་སོགས་ཀྱི་ནང་དུ་བསྡད་ཡོད་པ་དང་། ཁོང་རྣམས་རྒྱ་གར་ནང་ཕྱིར་ལོག་བྱེད་འཇུག་རྒྱུ་ཡིན་མིན་དང་ཕྱིར་ལོག་བྱེད་ས་ཡོད་མེད་སོགས་ཀྱི་གནས་ཚུལ་མ་ཤེས་པར་བསྡད་ཡོད་པ་རེད། འོན་ཀྱང་བཙན་བྱོལ་བོད་གཞུང་གིས་དེའི་ཐད་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད་འདུག དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG