ངོ་འཕྲད་བདེ་བའི་དྲ་འབྲེལ།


ཨ་མི་རི་ཀ་དང་ཧྥ་རན་སི། སོ་ཌི་ཨ་རེ་བི་ཡ་དང་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་སོགས་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེ་རྒྱལ་ཁབ་ཁག་ཅིག་མཉམ་འབྲེལ་བྱས་ཏེ། ཁོ་ཚོས་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོར་གནམ་དམག་གིས་གཏོར་རྒོལ་བྱས་ནས་དྲག་སྤྱོད་པ་ཚོར་ཕམ་ཉེས་ཆེན་པོ་བྱུང་རུང་། དྲག་སྤྱོད་པ་དེ་དག་གིས་སི་རི་ཡའི་བྱང་ཕྱོགས་ཀྱི་ཀུར་དི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ལ་དཔུང་འཇུག་བྱས་པ་དང་། བྲོས་བྱོལ་དུ་མ་སོང་བའི་ས་གནས་དེའི་གྲོང་གསེབ་པ་རྣམས་ཁ་ཆེ་དྲག་སྤྱོད་པ་ཚོས་སྐེ་བཅད་ནས་གསོད་པ་དང་། གྲོང་གསེབ་པའི་ཁང་པ་ཡོད་ཚད་མེར་སྲེག་བཏང་ནས་མི་ལ་ཆགས་ས་བརྟེན་ས་མེད་པར་གཏོང་གི་ཡོད་པས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་རྒྱལས་འཛོམས་ཚོགས་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁ་ཆེ་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱ་དགོས་པ་དང་། དྲག་སྤྱོད་པ་ཚོར་ཕར་རྒོལ་བྱས་ནས་གནོན་ཤུགས་སྤྲོད་དགོས། མི་གསོད་ཀྱི་ལག་དམར་དེ་ཚོས་ཞི་འཇམ་གྱི་སྐད་ཆ་མི་གོ་བས། ཨ་མི་རི་ཀས་མཉམ་འབྲེལ་མཐུན་གྲོགས་ཀྱི་གྲངས་འབོར་མང་དུ་བཏང་སྟེ། མི་གསོད་ཁྲག་སྦྱོར་གྱི་བྱ་བ་ཁོ་ན་སྒྲུབ་པའི་དྲག་སྤྱོད་རུ་ཚོགས་དེ་ཤུལ་མེད་གཏོང་རྒྱུ་ཡིན་ཞེས་བཤད་འདུག ཡིན་ནའང་ཁ་ཆེ་དྲག་སྤྱོད་པ་ཚོས་སི་རི་ཡའི་བྱང་ཕྱོགས་སུ་དཔུང་འཇུག་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། ཨ་མི་རི་ཀ་སོགས་ཀྱིས་གཏོར་རྒོལ་བྱས་ནས་ཁ་ཆེ་དྲག་སྤྱོད་པ་དེ་དག་གི་སྟོབས་ཤུགས་ཉམས་མེད་པ་གསལ་བོར་མཚོན་ཡོད་པ་རེད།

XS
SM
MD
LG