ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཡུ་གུར་བ་ཨེལ་ཧམ་ཌོ་ཏི་ལ་ཚེ་བཙོན་གྱི་ཁྲིམས་བཅད་བཏང་བར་ཨ་རིས་བློ་འཚབ་བྱེད་པ།


རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་མཁས་པ་གྲགས་ཅན་ཨེལ་ཧམ་ཌོ་ཏི་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་པའི་ནག་ཉེས་བཙུགས་ཏེ་རེས་གཟའ་མིག་དམར་ཉིན་ཚེ་བཙོན་གྱི་ཁྲིམ་བཅད་བཏང་བར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཞུང་སྲིད་འཛིན་སྐྱོང་ཁང་གིས་བློ་འཚབ་ཧ་ཅང་གི་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་དང། དེ་བཞིན་དཔྱད་ཞིབ་པ་ཁག་གིས་ཀྱང་རྒྱ་ནག་གཞུང་གི་བྱེད་བབས་དེས་ཡུ་གུར་གྲངས་ཉུང་མི་རིགས་ནང་ཐལ་ཆའི་བྱ་སྤྱོད་དེ་བས་ཀྱང་ཤུགས་ཆེ་འབྱུང་སྲིད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG