ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་གུར་ཐོབ་ཐང་རྩོད་མཁན་གཙུག་ལག་སློབ་དཔོན་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ།


རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་འཛིན་པའི་སྲིད་ཇུས་ལ་ཞི་བའི་སྒོ་ནས་སྐྱོན་བརྗོད་བྱེད་མཁན་མཁས་དབང་ཨེས་ལམ་ཊོར་ཊེས་ལ་རྒྱ་ནག་གཞུང་གི་ཁྲིམ་ཁང་གིས་ཁ་བྲལ་རིང་ལུགས་པ་ཡིན་པའི་ཉེས་འཛུགས་བྱས་ཏེ་ཚེ་བཙོན་གྱི་ཐག་གཅོད་བྱས་ཡོད་པ་རེད། ཐག་གཅོད་དེ་ནི་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར་དྲང་བདེན་མ་ཡིན་པའི་ཐག་གཅོད་གཅིག་ཡིན་པ་ ཡུ་གུར་ཐོབ་ཐང་ཚོགས་པ་ཞིག་གིས་སྐྱོན་བརྗོད་བྱས་ཡོད་པ་རེད། ཐོབ་ཐང་ཚོགས་པ་དེའི་མགྲིན་ཚབ་པས་འདི་ག་རླུང་འཕྲིན་ཁང་ལ་ཞི་བ་དང་གུ་ཡངས་ཀྱི་ཐོག་ནས་སྐྱོན་བརྗོད་བྱེད་མཁན་མཁས་པ་གཅིག་ལ་རྒྱ་གཞུང་གིས་འདི་ལྟ་བུའི་ཐག་གཅོད་བྱས་པའི་རྐྱེན་གྱིས་ཡུ་གུར་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་ཡེད་ཆེས་བྱ་རྒྱུ་ཆུང་དུ་འགྲོ་རྒྱུ་དང་། ཞི་བའི་ལས་འགུལ་ལ་ཡེད་ཆེས་མེད་པ་ཆགས་ནས་ཐབས་ལམ་གཞན་ལག་བསྟར་བྱེད་ཤུགས་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་བྱེད་ཀྱི་འདུག དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG