ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་ཆེའི་རྒྱལ་ཁབ་ཟེར་བའི་དྲག་སྤྱོད་རུ་ཚོགས་ཀྱི་རྟེན་གཞིར་གཏོར་རྒོལ་གཏང་འགོ་ཚུགས་པ།


རེས་གཟའ་མིག་དམར་ཉིན་ ཨ་རི་དང་ཨ་རབ་ཡུལ་ཁག་གི་མཐུན་ཕྱོགས་ཀྱིས་སི་རི་ཡའི་ནང་ཁ་ཆེའི་རྒྱལ་ཁབ་ཟེར་བའི་དྲག་སྤྱོད་རུ་ཚོགས་ཀྱི་རྟེན་གཞི་ཁག་ལ་མཁའ་ཐོག་ནས་གཏོར་རྒོལ་གཏང་རྒྱུ་འགོ་འཛུགས་བྱས་འདུག་པ་དང་། གཏོར་རྒོལ་གྱི་ལས་རིམ་དེའི་ནང་ཁ་ཆེ་དྲག་སྤྱོད་པའི་སྒྲིག་འཛུགས་ཀྱི་སྦྱོང་བརྡར་བྱེད་ས་དང་དྲག་སྤྱོད་པའི་བསྟི་གནས། དཔལ་འབྱོར་བསྟི་གནས་སོགས་ལ་མཁའ་ཐོག་ནས་གཏོར་རྒོལ་བྱ་རྒྱུར་གཙོ་བོར་དམིགས་ནས་གཏོར་རྒོལ་གཏོང་གི་ཡོད་པ་རེད། ཨོས་ཀྲེ་ལི་ཡའི་སྲིད་བློན་ཀྲོ་ནི་ ཨེ་བྷོཏ་ཡིས་ཁ་ཆེའི་རྒྱལ་ཁབ་ཟེར་བའི་ཉེན་ཁ་འགོག་ཐབས་ལ་རྒྱལ་སྤྱིའི་ལས་དོན་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་ཏེ་མཁའ་ཐོག་ནས་གཏོར་རྒོལ་བཏང་བར་བསྔགས་བརྗོད་གནང་འདུག

XS
SM
MD
LG