ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཆབ་མདོའི་གྲྭ་བློ་བཟང་དགེ་འདུན་ལགས་ལ་ལོ་བཅུའི་རིང་བཙོན་འཇུག་གི་ཁྲིམས་ཆད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


མདོ་སྟོད་ཁམས་ཆབ་མདོ་ཚ་བ་དཔའ་ཞོད་རྫོང་དཀྱིལ་དག་ཤང་གྲོང་གསར་སྡེ་པའི་གྲོང་གསར་དགོན་གྱི་གྲྭ་བློ་བཟང་དགེ་འདུན་ལགས་ལ་རྒྱ་ནག་གི་དམར་ཤོིག་ཚོགས་པ་བཙུགས་པའི་དུས་ཆེན་ཉིན་སྐད་འབོད་བྱས་པའི་ཉེས་མིང་བཏགས་ཏེ་ལོ་བཅུ་ཐམ་པའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ཉིན་ཏེ་རྒྱ་ནག་གི་ཏང་གི་འཁྲུངས་སྐར་ཞེས་པའི་ཉིན་མོ་དེར་ཆབ་མདོ་རྫོང་དུ་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་མཛད་སྒོའི་ཐོག་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་ ༼༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་དབང་རང་བཙན་ཡིན།༽ ཞེས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་སྐད་འབོད་གནང་རྗེས། ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཆབ་མདོ་བཙོན་ཁང་ནང་བཀག་ཉར་བྱས་ཡོད་པ་མ་ཟད། གྲོང་གསར་དགོན་དུ་ཉེན་རྟོག་པ་དང་དམག་མི་མང་པོ་བསླེབས་ཏེ་དམ་བསྒྲགས་བྱེད་འགོ་བཙུགས་པ་རེད།།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ཉིན་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལ་རྒྱ་གཞུང་གིས་ལོ་བཅུའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པའི་སྐོར་སྤུན་ཉེ་ཞིག་ལ་བརྗོད་ཡོད།།

གྲྭ་བློ་བཟང་དགེ་འདུན་ལགས་ཀྱི་ཕ་མིང་ལ་སྐལ་བཟང་དང་མ་མིང་ལ་དཔལ་འཛོམས་ཞུ་བ་དང་། ཁོང་གི་སྐྱ་མིང་ལ་རྒྱ་རྡོ་ཟེར།

XS
SM
MD
LG